བསྡུས་གྲྭའི་ཐལ་འགྱུར་ལ་ལན་ཇི་ལྟར་འདེབས་ཚུལ།

སྤེལ་དུས།  2022-03-13   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  དཀོན་མཆོག་རྒྱ་མཚོ།   ཀློག་གྲངས།  

    བསྡུས་གྲྭའི་ཐལ་འགྱུར་ལ་ལན་ཇི་ལྟར་འདེབས་ཚུལ།

དེ་ཡང་ཕྱི་རྒོལ་གྱི་ལན་འདེབས་ཚུལ་ནི།  ས་སྐྱ་པཎ་ཆེན་གྱི་ཚད་མ་རིགས་གཏེར་ལས། དེས་ན་མཁས་པའི་ཐལ་འགྱུར་ལན། །རྣམ་པར་ཐར་བའི་སྒོ་བཞིས་གདབ། །ལན་གྱིས་བཟློག་པར་མི་ནུས་ན། །དེ་ཡི་རྗེས་འབྲངས་དམ་པའི་ལུགས། ། ཅེས་གསུངས་པ་ལྟར་ཕྱི་རྒོལ་གྱིས་ཁས་ལེན་འཛིན་པའམ་ལན་གདབ་པ་ལ་ལན་རྣམ་པ་བཞིའི་སྒོ་ནས་སྔ་རྒོལ་གྱིས་འཕང་བའི་རྟགས་གསལ་ལ་ལན་འདེབས་དགོས་པས།  ལན་རྣམ་པ་བཞི་ནི་འདོད་དང་། མ་གྲུབ་པ། མ་ཁྱབ། འགལ་ཁྱབ་ཅེས་བཞི་ལ་བྱ་ཞིང་།  དེ་དག་ནི་རིམ་པ་བཞིན་རྩོད་གཞི་དེ་གསལ་བ་ཡིན་ན་འདོད་ལན་དང་།   རྩོད་གཞི་དེ་གསལ་བ་དང་རྟགས་གང་ཡང་མིན་ན་རྟགས་མ་གྲུབ་ཀྱི་ལན་དང་། རྩོད་གཞི་དེ་གསལ་བ་མིན་རྟགས་ཡིན་ལ།  གསལ་བ་རྟགས་ཡིན་པ་ནི་མ་ཁྱབ་དང་། རྩོད་གཞི་དེ་གསལ་བ་མིན་རྟགས་ཡིན་ལ།  གསལ་བ་རྟགས་མིན་པ་ནི་འགལ་ཁྱབ་ཀྱི་ལན་ཐེབས་པ་ཡིན་ནོ། ། གོང་གི་ཕྱི་རྒོལ་གྱི་ལན་འདེབས་ཚུལ་གྱི་གོ་དོན་ནི་སྔོན་གྱི་བསྡུས་གྲྭའི་རིགས་ལམ་གྱི་མན་ངག་ཡིན་པས་གསར་སློབ་པ་རྣམས་ཀྱིས་འདི་བཞིན་སློབ་ན་བདེ་བླག་ངང་བསྡུས་གྲྭའི་རིགས་ལམ་བྱང་བར་འགྱུར་ཞིང་། ལན་རྣམ་བཞིའི་གོ་དོན་དང་མཚན་གཞིའི་སྒོ་ནས་བརྗོད་ན་གོ་སླ་བས་གཤམ་གྱི་རེའུ་མིག་ཏུ་གསལ་བའོ། །



3.jpg4.jpg





བརྒྱུད་འགོད།
0