མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚད་མ་རིག་པའི་བགྲོ་གླེང་སྐབས་གཉིས་པ།

སྤེལ་དུས།  2017-12-18   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  ངེད་ཚད་རིག་ལྷན་ཚོགས་དྲ་བ།   ཀློག་གྲངས།  

3c9daad50eb5648d23c79ad658f200be.jpg

        2017ལོའི་ཟླ12པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་དང་མཚོ་སྔོན་ཚད་རིག་དྲ་བའི་སྒོ་འབྱེད་མཛད་སྒོ་ཟི་ལིང་གྲོང་ཁྱེར་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་དུ་གཟབ་རྒྱས་ངང་འཚོགས།མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་དང་།མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ནང་བསྟན་མཐུན་ཚོགས་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བློ་བཟང་ཆོས་གྲགས། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་བོ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟླ་བ་སོགས་མཚོ་སྔོན་མི་རིགས་སློབ་ཆེན་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན། སྐུ་འབུམ་དགོན་པ། དྷི་ཚ་བཀྲ་ཤིས་ཆོས་སྡིངས།  རོང་བོ་དགོན་པ། པུས་མདོ་དགོན་པ།ཀླུ་ཚང་དགོན་པ། འགར་རྩེ་དགོན་པ། ཡུལ་ཤུལ་ནང་བསྟན་སློབ་གླིང་། པཎ་ཆེན་ཚད་མའི་སློབ་གླིང་སོགས་ཀྱི་དགེ་རྒན་ཆེན་མོ་དང་དགེ་བའི་བཤེས་གཉེན། གཞི་རིམ་གྱི་མི་རིགས་སློབ་འབྲིང་ཁག་གི་དགེ་རྒན་སོགས་བསྡོམས་པའི་མི་དྲུག་ཅུ་ལྷག་ཐེངས་འདིའི་མཛད་སྒོར་ཞུགས་ཡོད།

 9cbd4db6c032033a636d5fff6afb0c51.jpg

མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཅོན་ཆི་ཀྲང་ཚོགས་ཞུགས་མཛད་པ། 

 a642ff7222d407498dbbae265f4f2a86.jpg

མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལོ་སྟག་ལྷ་ཚོགས་ཞུགས་མཛད་པ། 

ea7ded0919fd75b4435b00052b225c5c.jpg

ཞིང་ཆེན་དང་གྲོང་ཁྱེར་གྱི་འབྲེལ་ཡོད་མགོ་ཁྲིད་རྣམས་ཚོགས་ཞུགས་གནང་།

7ecde8b316d5c6ee5bee5dfc153fbc56.jpg

མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཚད་མ་རིག་པའི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བློ་བཟང་ཆོས་གྲགས།

 600d3e19d53722610ff0421ee2221d0a.jpg

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་བོ་མཆོག་གིས་གཏམ་བཤད་གནང་།

afaf730293c7d42ed795d0c31050c2ff.jpg

མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟླ་བས་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ལོ་གཅིག་གི་བྱ་བའི་སྙན་ཞུ་མཛད།

fb86322914861964c582861649f13709.jpg

ཚོགས་རྭའི་ཟུར་ཞིག

f69e98fe4d47a8fb40ac181cca5aeb96.jpg

མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཅོན་ཆི་ཀྲང་དང་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟླ་བ་གཉིས་ཀྱིས་མཉམ་དུ་མཚོ་སྔོན་ཚད་རིག་ལྷན་ཚོགས་དྲ་བ་སྒོ་འབྱེད་པའི་ཡོལ་རས་ཕྱེ་བ།

1832c8150eed4fcf0af7538ac3f618cd.jpg

རོང་བོ་དགོན་ཆེན་གྱི་དགེ་བཤེས་འཇིགས་མེད་བློ་གྲོས་སོགས་ཀྱིས་ཚོགས་ཆེན་གཏམ་བཤད་སྤེལ།

b47cbf2e5a18c59595703800f39dfd1d.jpg

ཚོགས་རྭའི་ཟུར་ཞིག

aa667c0fa27eead4d5df1fe852eae39e.jpg

ཚོ་ཆུང་སོ་སོའི་གཏན་ཚིགས་རིགས་པའི་ཁྲོད་ཀྱི་ཕྱོགས་ཆོས་འཁོར་ལོ་དགུ་བརྗོད་གཞི་མཛད་ནས་བགྲོ་གླེང་གནང་བཞིན་པ།

ebaf07bcfdbdc2c7f6db6186ef2615fa.jpg

ཚོ་ཆུང་གཉིས་པའི་བགྲོ་གླེང་གནང་བཞིན་པ།

a739b4229783c8e25271b36d7a82988f.jpg

ཚོགས་རྭའི་ཡུལ་དངོས། 

ed4ebbcf86bbcda755c7f13ef408c3ee.jpg

ཚོགས་ཞུགས་མི་སྣ་ཡོངས་ཀྱི་མཉམ་པར།

ཐེངས་འདིའི་ཚོགས་ཆེན་གྱི་གཏམ་བཤད་པའི་ལས་རིམ་སྐབས་སུ། རེབ་གོང་རོང་བོ་དགོན་ཆེན་གྱི་དགེ་བཤེས་འཇིགས་མེད་བློ་གྲོས་ཀྱིས་ཁ་བྱང་ལ《ཕྱོགས་ཆོས་འཁོར་ལོའི་བྱུང་འཕེལ་གླེང་བ།》དང་།མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དགེ་འདུན་གྱིས་ཁ་བྱང་ལ《རྒྱ་བོད་བཀའ་བསྟན་ལས་ཚད་མ་རིག་པའི་གཞུང་དང་དེའི་ཕན་ཚུན་ཁ་སྐོང་ཞིབ་འཇུག》དང་།རྨ་ལྷོ་འགར་རྩེ་དགོན་པའི་དགེ་བཤེས་ཚུལ་ཁྲིམས་ཀྱིས་ཁ་བྱང་ལ《གཏན་ཚིགས་ཕྱོགས་ཆོས་འཁོར་ལོའི་སྐོར་རགས་ཙམ་གླེང་བ།》དང་།མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱིས་ཁ་བྱང་ལ《གཏན་ཚིགས་རིགས་པའི་ཚུལ་གསུམ་གྱི་རྣམ་གཞག་ལས་འཕྲོས་ཏེ་ཅུང་ཟད་དཔྱད་པ།》དང་། མཚོ་ལྷོ་ཀླུ་ཚང་དགོན་ཆེན་གྱི་དགེ་བཤེས་སྐལ་བཟང་རྒྱལ་མཚན་གྱིས་ཁ་བྱང་ལ《ཕྱོགས་སྒྲའི་སྐབས་ཀྱི་ཕྱོགས་སྔ་སུ་ཡིན་འདོད་ཚུལ་ལ་ཅུང་ཙམ་དཔྱད་པ།》དང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་གཞུང་ལས་ཁང་གི་ཀྲུའུ་རིན་སྟག་འབུམ་རྒྱལ་གྱིས་ཁ་བྱང་ལ《ཕྱོགས་ཆོས་འཁོར་ལོ་དགུ་དང་བོད་ཀྱི་གསོ་བ་རིག་པའི་ལིང་ཚེ་དགུའི་ཆུ་བརྟག་གི་འདྲ་ཁྱད།》ཅེས་པའི་གཏམ་བཤད་སྤེལ་བ་དང་། ཚོ་ཆུང་སོ་སོའི་སྐབས་སུ་གཏན་ཚིགས་རིགས་པའི་ཁྲོད་ཀྱི་ཕྱོགས་ཆོས་འཁོར་ལོ་དགུ་བརྗོད་གཞི་མཛད་ནས་བགྲོ་གླེང་གནང་།

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱིས་ཚད་མ་རིག་པ་འདི་ཉིད་རྒྱུན་འཛིན་དང་དར་སྤེལ་གཏོང་བ་ལ། ཚད་རིག་དཔེ་རྙིང་བསྡུ་སྒྲིག་དང་ཚད་རིག་རིག་གཞུང་དཔྱད་གླེང་། ཚད་རིག་མི་སྣ་གསོ་སྐྱོང་དང་ཚད་རིག་སློབ་དེབ་སྒྲིག་སྒྱུར། ཚད་རིག་དང་ཚན་རིག་ཞིབ་བསྡུར། ཚད་རིག་དུས་དེབ་འགྲེམ་སྤེལ་དང་ཚད་རིག་དྲ་ཐོག་བརྒྱུད་སྤེལ་ལ་སོགས་པར་བརྟེན་ནས་ཚད་མ་རིག་པ་འདི་ཉིད་རྒྱལ་ཡོངས་ཀྱི་ཞིབ་འཇུག་སྡེ་ཁག་སོ་སོ་དང་སློབ་གྲྭ་ཆེན་མོ་ཁག་སོ་སོ། དེ་བཞིན་བོད་ཁུལ་གྱི་སློབ་ཆེན་དང་སློབ་འབྲིང་ཁག་སོ་སོར་དར་སྤེལ་བྱེད་དགོས་པ་མ་ཟད། ས་ཁུལ་དང་མི་རིགས། སྤྱི་ཚོགས་ལས་རིགས་ཀྱི་དབྱེ་བ་མེད་པར་དར་སྤེལ་དུ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་མཚོ་སྔོན་ཞིང་ཆེན་ཏང་གི་ཚོགས་ཆེན་བཅུ་གསུམ་པའི་དགོངས་དོན་ལྟར། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་འབྱུང་བར་ནུས་པ་འདོན་དགོས་པ་མ་ཟད། འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་པར་བརྩོན་དགོས་པ་ཡིན་ནོ།།

རྩོམ་སྒྲིག་པ། དཀོན་མཆོག་རྒྱ་མཚོ། 

བརྒྱུད་འགོད།
0