མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་༢༠༡༨ལོའི་ཐེངས་དང་པོའི་ཚད་མ་རིག་པའི་རྩོད་པའི་བགྲོ་གླིང་།

སྤེལ་དུས།  2018-06-01   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  དཀོན་མཆོག་རྒྱ་མཚོ།   ཀློག་གྲངས།  

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱིས་༢༠༡༨ལོའི་ཐེངས་དང་པོའི་ཚད་མ་རིག་པའི་རྩོད་པའི་བགྲོ་གླེང་ཟི་ལིང་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་དུ་བསྡུས།

微信图片_20180528210406.jpg

མཉམ་པར།

4.jpg

  ཚོགས་འགོ་བསྡུས་པར་མཛད་སྒོའི་སྟེང་།

微信图片_20180601151955.jpg

མཛད་སྒོའི་ཟུར་གཅིག

微信图片_20180529140423.jpg

དགེ་བཤེས་ཁྲི་སངས་རྒྱས་ལགས་ཀྱི་སློབ་ཁྲིད་གནང་བཞིན་པ།

微信图片_20180529140431.jpg

དགེ་རྒན་ཁྱུང་ཕྲུག་བློ་བཟང་དར་རྒྱས་ལགས་ཀྱིས་སློབ་ཁྲིད་གནང་བཞིན་པ།

微信图片_20180528210826.jpg

 དཔེ་ཁྲིད་གནང་བཞིན་པ།

微信图片_20180601152022.jpg

སློབ་མ་རྣམས་ཀྱིས་དཔེ་ཁྲིད་ལ་ཉན་བཞིན་པ།

微信图片_20180601152028.jpg

དཔེ་ཁྲིད་ཀྱི་ཟུར་གཅིག

微信图片_20180528210456.jpg

ཚད་རིག་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཐེངས་བཞི་བའི་གྲོས་ཚོགས།

微信图片_20180601153210.jpg

སློབ་མ་རྣམས་ཀྱིས་རྟགས་གསལ་གཏོང་བཞིན་པ།

微信图片_20180601153205.jpg

སློབ་མ་རྣམས་ཀྱིས་རྟགས་གསལ་གཏོང་བཞིན་པ།

1.jpg

མཚོ་སྔོན་ནང་བསྟན་སློབ་གླིང་གི་སློབ་མར་བྱ་དགའ་འབུལ་གནང་བཞིན་པ།

微信图片_20180528210521.jpg

པཎ་ཆེན་ཚད་མའི་སློབ་གླིང་གི་སློབ་མར་བྱ་དགའ་འབུལ་གནང་བཞིན་པ།

微信图片_20180601153819.jpg

མཚོ་སྔོན་མི་རིགས་སློབ་གླིང་གི་སློབ་མར་བྱ་དགའ་འབུལ་གནང་བཞིན་པ།

3.jpg

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་མར་བྱ་དགའ་འབུལ་གནང་བཞིན་པ།


སྤྱི་ལོ་༢༠༡༨ལོའི་ཟླ་༥པའི་ཚེས་༢༧ཉིན།མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱིས་༢༠༡༨ལོའི་ཐེངས་དང་པོའི་ཚད་མ་རིག་པའི་རྩོད་པའི་བགྲོ་གླེང་མཛད་སྒོ་ཟི་ལིང་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་དུ་བསྡུས་ཤིང་།ཐེངས་འདིའི་ཟབ་སྦྱོང་ལ་མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན།མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་།པཎ་ཆེན་ཚད་མའི་སློབ་གླིང་བཅས་ཀྱི་དགེ་སློབ་ལྔ་བཅུ་ལྷག་ཐེངས་འདིའི་ཟབ་སྦྱོང་བགྲོ་གླེང་ཚོགས་འདུར་ཞུགས། མཚོ་སྔོན་ཚད་རིག་ལྷན་ཚོགས་ཚད་མ་རིག་པའི་གསོ་སྦྱོང་ལྟེ་གནས་ཀྱི་འགན་འཛིན་དགེན་དགེ་འདུན་གྱིས་ཐེངས་འདིའི་ཟབ་སྦྱོང་བགྲོ་གླེང་གི་མདོ་འཛིན་མཛད་པ་དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་གླིང་གཙོ། ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དགེན་ཟླ་བས་ཚད་མ་རིག་པ་རྒྱུན་འཛིན་དང་འཕེལ་རྒྱས་སྐོར་གྱི་གསུང་བཤད་གལ་ཆེན་གནང་། མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་གི་དགེ་བཤེས་སངས་རྒྱས་དང་།མཚོ་སྔོན་དགེ་ཐོན་སློབ་ཆེན་དགེ་རྒན་ཁྱུང་ཕྲུག་བློ་བཟང་དར་རྒྱས།མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཤ་བོ་ཐར།པཎ་ཆེན་ཚད་མའི་སློབ་གླིང་གི་དཀོན་མཆོག་རྒྱ་མཚོ་བཅས་ཀྱིས་སློབ་གྲྭ་སོ་སོའི་ཚད་མ་རིག་པའི་སློབ་ཁྲིད་ཀྱི་ཉམས་མྱོང་དང་།ད་ལྟའི་གནས་བབ།མ་འོངས་པའི་འཆར་གཞི་བཅས་ཐད་ནས་གཏམ་བཤད་གནང་།

དེ་ནས་མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་གི་དགེ་བཤེས་ཆེན་མོ་ཁྲི་སངས་རྒྱས་དང་།མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁྱུང་ཕྲུག་བློ་བཟང་དར་རྒྱས་གཉིས་ཀྱིས་སྔ་རྗེས་སུ་ཙོང་ཁ་དགོན་པའི་པཎ་ཆེན་བླ་བྲང་གི་ཚོམས་ཁང་དུ་ཚད་མ་རིག་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་དེའི་སྦྱངས་དགོས་པའི་གལ་ཆེན་རང་བཞིན་སོགས་ཀྱི་ཐད་ནས་སློབ་ཁྲིད་བྱས།ཚད་རིག་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ་རྣམས་ཚད་རིག་ལྷན་ཚོགས་གཞུང་ལས་ཁང་དུ་སྐབས་དང་པོའི་རྒྱུན་ལས་ལས་འཛིན་ཐེངས་བཞི་བའི་གྲོས་ཚོགས་བསྡུས་ཏེ།དྲུང་ཆེ་གཞོན་པ་སྟག་འབུམ་རྒྱལ་གྱིས་ལས་འཛིན་བྱ་བའི་སྙན་ཞུ་བྱས་ཤིང་།ཚད་རིག་ལྷན་ཚོགས་ཀྱིས་༢༠༡༨ལོའི་བྱ་བར་ཚད་མའི་དཔེ་རྙིང་བསྡུ་སྒྲིག་དང་དཔྱད་རྩོམ་པར་སྐྲུན།འབྲིང་རིམ་སློབ་གྲྭ་ཁག་ལ་ཚད་མའི་སློབ་དེབ་རྩོམ་སྒྲིག་དང་ཡིག་བསྒྱུར་བྱེད་རྒྱུ།ཚད་མ་རིག་པ་དང་ཚན་རིག་བར་གྱི་ཞིབ་བསྡུར་གྱི་བགྲོ་གླེང་འཚོགས་རྒྱུ།ཚད་མ་རིག་པའི་རིག་གཞུང་བགྲོ་གླེང་སྐབས་གསུམ་པའི་བརྗོད་བྱ་གཏན་འབེབ་བྱེད་པ་སོགས་ད་ལོའི་བྱ་བའི་སྐོར་ནས་གྲོས་མོལ་བྱས།

ཕྱི་དྲོར་པཎ་ཆེན་བླ་བྲང་མདུན་དུ་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་གི་སློབ་མ་དམ་བཅའ་ལ་བསྡད་ཅིང་།པཎ་ཆེན་ཚད་མའི་སློབ་གླིང་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མས་རྟགས་གསལ་བཏང་ནས་རྩོད་པའི་བགྲོ་གླེང་མཛད།དེ་ནས་མཚོ་སྔོན་མི་རིགས་སློབ་ཆེན་དང་པཎ་ཆེན་ཚད་མའི་སློབ་གླིང་གི་སློབ་མ་དམ་བཅའ་ལ་བསྡད་པ་ལ།མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་གི་སློབ་མས་རིགས་པའི་ལམ་ནས་ཚད་མའི་གཞུང་ལ་བརྒལ་བརྟག་མཛད་པ།ཚད་མ་རིག་པའི་སློབ་གསོ་ཐད་ནས་གནའ་རབས་དགོན་སྡེ་དང་དེང་རབས་སྤྱི་ཚོགས་ཀྱི་སློབ་གྲྭའི་སློབ་ཁྲིད་བྱེད་ཐབས་ཕྱོགས་ནས་བསམ་བློ་བརྗེ་རེས་ཀྱི་འབྲེལ་ཟམ་བཙུགས་པ་འདིས་ཚད་མ་རིག་པ་རྒྱུན་འཛིན་དར་སྤེལ་ཐད་ལ་ནུས་པ་འདོན་ཐུབ་པར་དགེ་རྒན་དང་སློབ་མ་རྣམས་ལ་སྤོབས་པ་ཆེན་པོ་སྐྱེས།

ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་བོ་མཆོག་གིས་ས་ཚད་མ་རིག་པའི་འཕེལ་རྒྱས་དང་སྐུལ་འདེད་ཀྱི་ཆེད་དུ་སློབ་གྲྭ་སོ་སོའི་དགེ་རྒན་དང་སློབ་མ་རྣམས་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཀའ་སློབ་ཕྱོགས་བསྒྲིགས་ཀྱི་དཔེ་ཆ་དང་བྱ་དགའི་གཟེངས་རྟགས་ཕུལ་ཏེ།ཚད་མ་རིག་པ་རྒྱུན་འཛིན་དང་དར་སྤེལ་ལེགས་པོ་བྱས་ནས་མ་འོངས་པར་མཚོ་སྔོན་གྱི་དཔལ་འབྱོར་དང་སློབ་གསོ།རིག་གཞུང་སོགས་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ལ་ནུས་པ་གང་ལགས་འདོན་རྒྱུ་འབོད་སྐུལ་གནང་ནས་བཀྲ་ཤིས་ཕུན་སུམ་ཚོགས་པའི་ངང་མཇུག་བསྡུས་པ་ཡིན་ནོ།།

                                                                                                                                                          རྩོམ་སྒྲིག་པ། དཀོན་མཆོག་རྒྱ་མཚོ།

བརྒྱུད་འགོད།
0