རྒྱལ་ཡོངས་སྐབས་དྲུག་པའི་ཚད་མ་རིག་པའི་ཟབ་སྦྱོང་འཛིན་གྲྭ་པཎ་ཆེན་ཚད་མའི་སློབ་གླིང་དུ་གཟབ་རྒྱས་ངང་བསྡུས།

སྤེལ་དུས།  2018-08-14   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  དཀོན་མཆོག་རྒྱ་མཚོ།   ཀློག་གྲངས།  

1.jpg

        ༢༠༡༨ལོའི་སྤྱི་ཟླ་༨པའི་ཚེས་༥ནས་༡༡ཉིན་བར། ཀྲུང་གོ་གཏན་ཚིགས་རིག་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་གཉིས་ཀྱིས་མཉམ་དུ་པཎ་ཆེན་ཚད་མའི་སློབ་གླིང་དུ་རྒྱལ་ཡོངས་སྐབས་དྲུག་པའི་ཚད་མ་རིག་པའི་ཟབ་སྦྱོང་འཛིན་གྲྭ་བསྡུས།  ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭའི་ནང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དང་།  ཆིང་ཧྭ་སློབ་ཆེན། ཀྲུང་གོ་མི་དམངས་སློབ་ཆེན། ཀྲེ་ཅང་སློབ་ཆེན།ཀྲེ་ཅང་བཟོ་ཚོང་སློབ་ཆེན། ཧང་ཀྲིག་ནང་བསྟན་སློབ་གླིང་། གླིང་ཆེན་འགྱིང་རིའི་ནང་བསྟན་སློབ་གླིང་། པཎ་ཆེན་ཚད་མའི་སློབ་གླིང་། ནན་ཁད་སློབ་ཆེན།ཅི་ལིན་དགེ་འོས་སློབ་ཆེན། ཡན་ཧྲན་སློབ་ཆེན། ནང་སོག་དགེ་འོས་སློབ་ཆེན།  བོད་ལྗོངས་སློབ་ཆེན།བོད་ལྗོངས་མི་རིགས་སློབ་ཆེན།  ཀོས་ཀྲིག་སློབ་ཆེན་སོགས་སློབ་ཆེན་དང་ཞིབ་འཇུག་ལས་ཁུངས་ཉི་ཤུ་ལྷག་གི་སློབ་མ་༥༠ལྷག་ཞུགས་ཡོད།  2.jpg

སྤྱི་ཟླ་༨པའི་ཚེས་༦ཉིན་གྱི་སྔ་དྲོར།མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཡིག་མགོན་པོ་ཚེ་རིང་གིས་ཐེངས་འདིའི་འཛིན་གྲྭ་འཚོགས་པའི་མཛད་སྒོར་མགོ་འཛིན་མཛད། པཎ་ཆེན་ཚད་མའི་སློབ་གླིང་གི་སློབ་གཙོ་སྒར་བ་ངག་དབང་བཟང་པོས་ཤིས་ཚིག་ཕུལ་བ་དང་འབྲེལ་ནས་པཎ་ཆེན་ཚད་མའི་སློབ་གླིང་གིས་ཚད་མ་རིག་པའི་རྒྱུན་འཛིན་ཐད་ཀྱི་ཁ་ཕྱོགས་དང་དམིགས་ཡུལ། ཁྱད་པར་དུ་༢༠༡༤ལོའི་ཟླ་༨པར་རྒྱལ་ཡོངས་སྐབས་བཅུ་བའི་ཚད་མ་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་སྟེང་ཀྲུང་གོ་གཏན་ཚིགས་རིག་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་གསོ་སྦྱོང་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ་ནས་བཟུང་། ཚད་མ་རིག་པའི་རྗེས་སྐྱོང་ཤེས་ལྡན་མི་སྣའི་ཟབ་སྦྱོང་འཛིན་གྲྭ་སྔ་རྗེས་སུ་བསྡོམས་པའི་ཐེངས་གསུམ་ལ་སྒྲུབ་པ་སོགས་ཚད་མ་རིག་པའི་ཐད་ལ་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་བཏོན་དང་འདོན་བཞིན་པ་སོགས་གླེང་བའི་ཞོར་དུ་སློབ་གྲོགས་ཡོངས་ཀྱིས་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་སློབ་སྦྱོང་ཡག་པོ་བྱེད་དགོས་པ་སོགས་ཀྱི་སྐོར་ནས་གསུང་བཤད་གནང་། སློབ་གཙོ་གཞོན་པ་དཀོན་མཆོག་རྒྱ་མཚོས་ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭའི་ཁྲིད་གཞི་ངོ་སྤྲོད་གནང་བ་དང་།  དགེ་རྒན་ཐོགས་མེད་དང་ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལིན་ཧྲོ་ཅེ་གཉིས་ཀྱིས་ཚད་མ་རིག་པའི་སློབ་སྦྱོང་དང་རྒྱུན་འཛིན་དར་སྤེལ་གྱི་གལ་ཆེན་རང་བཞིན་སོགས་ཀྱི་ཐད་ནས་གཏམ་བཤད་གནང་།

3.jpg

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ།མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཚད་མ་རིག་པའི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བློ་བཟང་ཆོས་གྲགས་ཀྱིས་སློབ་ཁྲིད་གནང་བཞིན་པ།

4.jpg

ཀྲུང་གོ་གཏན་ཚིགས་རིག་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ། པཎ་ཆེན་ཚད་མའི་སློབ་གླིང་གི་སློབ་གཙོ་སྒར་བ་ངག་དབང་བཟང་པོས་སློབ་ཁྲིད་གནང་བཞིན་པ། 

6.jpg

ཀྲུང་གོ་གཏན་ཚིགས་རིག་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་ཧང་ཀྲིག་ནང་བསྟན་སློབ་གླིང་གི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་བཙུན་པ་ཧྭེ་ཀོན་གྱིས་སློབ་ཁྲིད་གནང་བཞིན་པ།

8.jpg

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་ཀྲུང་གོ་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་མཐོ་རམས་པ་ངག་དབང་མཆོག་གྲུབ་ཀྱིས་སློབ་ཁྲིད་གནང་བཞིན་པ། 

7.jpg

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ལས་འཛིན། ཡུལ་ཤུལ་ཁུལ་ས་སྐྱ་ནང་བསྟན་སློབ་གྲྭའི་མཁན་པོ་འཇམས་དབྱངས་དཔལ་འབྱོར་གྱིས་སློབ་ཁྲིད་གནང་བཞིན་པ། 

9.jpg

ཀྲུང་གོ་གཏན་ཚིགས་རིག་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ལས་འཛིན་དང་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ། པཎ་ཆེན་ཚད་མའི་སློབ་གླིང་གི་སློབ་གཙོ་གཞོན་པ་དཀོན་མཆོག་རྒྱ་མཚོས་སློབ་ཁྲིད་གནང་བཞིན་པ། 

12 (2).jpg

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ལས་འཛིན་ཐོགས་མེད་ཀྱིས་སློབ་ཁྲིད་གནང་བཞིན་པ།

11.jpg

གླིང་ཆེན་འགྱིང་རིའི་ནང་བསྟན་སློབ་གླིང་གི་སློབ་གཙོ་གཞོན་པ་ལུང་ཙང་གིས་སློབ་ཁྲིད་གནང་བཞིན་པ། 

12.jpg

སློབ་མ་རྣམས་ཀྱིས་བློ་རྩེ་སྒྲིམ་ཏེ་སློབ་ཁྲིད་ལ་ཉན་པའི་ཚུལ།

ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭའི་དགེ་རྒན་རྣམས་ཀྱིས་བོད་བརྒྱུད་ཚད་མ་རིག་པའི་བསྡུས་གྲྭ་དང་དེའི་རིགས་ལམ་གྱི་རྣམ་བཞག  དེ་མིན་རྒྱ་བརྒྱུད་ཚད་མ་རིག་པའི་ནང་དོན་དང་འབྲེལ་བའི་ཐད་ནས་སློབ་ཁྲིད་གནང་།  བོད་ཀྱི་ཚད་མ་རིག་པའི་སློབ་སྦྱོང་བྱེད་སྟངས་བེད་སྤྱད་དེ་པཎ་ཆེན་ཚད་མའི་སློབ་གླིང་གི་དགེ་རྒན་རྣམས་ཀྱིས་མཛུབ་ཁྲིད་ལ་བརྟེན་ནས་ཟབ་སྦྱོང་ལ་ཞུགས་མཁན་གྱི་སློབ་མ་རྣམས་ཀྱིས་ཚད་མ་རིག་པའི་བསམ་གཞིགས་བྱེད་སྟངས་དང་། རྒྱ་སྐད་ཀྱི་ལམ་ནས་རྟགས་གསལ་འཕེན་པ་སོགས་ཐད་ནས་སྦྱངས་འབྲས་མི་དམན་པ་ཐོབ།    ཐེངས་འདིའི་ཟབ་སྦྱོང་བརྒྱུད་ནས་སློབ་མ་རྣམས་ཀྱིས་རྒྱ་བོད་ཚད་མ་དང་རིག་གཞུང་ལ་ཞིབ་འཇུག་བྱེད་སྟངས་ཆ་ནས་བག་ཆགས་ཟབ་མོ་བཞག་ཅིང་། རྒྱ་བོད་ཚད་མ་རིག་པའི་རིག་གཞུང་རྒྱུད་འཛིན་ཐད་ལའང་རྨང་གཞི་བརྟན་པོ་ཞིག་བཏིང་བ་ཡིན། 

13.jpg

ཀྲུང་གོ་གཏན་ཚིགས་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རིན་ཤོད་མེན་གཙོ་བྱས་པའི་ཆེད་མཁས་དང་པཎ་ཆེན་ཚད་མའི་སློབ་གླིང་གི་སློབ་གཙོ་སྒར་བ་ངག་དབང་བཟང་པོ་སོགས་ལྷན་དུ་ཚད་མ་རིག་པའི་མ་འོངས་པའི་འཕེལ་རྒྱས་དང་རྒྱུན་འཛིན་སྐོར་ལ་བགྲོ་གླེང་བྱས་པ།

14.jpg

སློབ་གསེང་སྐབས་སུ་པུས་མདོ་དགོན་ཆེན་དུ་ལྟ་སྐོར་ལ་ཕྱིན་པ།

15.jpg

རྟགས་གསལ་གཏོང་བཞིན་པ།

16.jpg

རྟགས་གསལ་གཏོང་བཞིན་པ།

17.jpg

རྟགས་གསལ་གཏོང་བཞིན་པ།

微信图片_20180814002137.jpg

སློབ་མཇུག་སྒྲིལ་བའི་མཛད་སྒོའི་ཡུལ་དངོས།

19.jpg

སློབ་མ་རྣམས་ལ་ཟབ་སྦྱོང་འཛིན་གྲྭ་མཐར་ཕྱིན་པའི་འཛིན་རྟགས་གནང་བཞིན་པ།

20.jpg

དགེ་སློབ་ལྷན་རྒྱས་ཀྱི་མཉམ་པར།

སྤྱི་ཟླ་༨ཚེས་༡༠ཉིན་གྱི་ཕྱི་དྲོར། སློབ་མ་རྣམས་སྔ་རྒོལ་དང་ཕྱི་རྒོལ་བྱས་ནས་བསྡུས་གྲྭའི་རིགས་ལམ་ལྟར་རྩོད་པ་བྱེད་པའི་བྱ་འགུལ་སྤེལ། དེ་ནས་སློབ་མཇུག་སྒྲིལ་བའི་མཛད་སྒོར་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་སྟག་འབུམ་རྒྱལ་གྱིས་མགོ་འཛིན་མཛད་ཅིང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་ཆོས་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཞི་ཁྲོན་མེ་ཡིས་སློབ་མ་ཡོངས་ཀྱི་ཚབ་བྱས་ཏེ་ཐེངས་འདིའི་སློབ་སྦྱོང་གི་གནས་ཚུལ་ཡར་ཞུ་བྱས་པ་དང་།  གླིང་ཆེན་འགྱིང་རིའི་ནང་བསྟན་སློབ་གླིང་གི་སློབ་གཙོ་གཞོན་པ་ལུང་ཙང་གིས་ཐེངས་འདིའི་ཟབ་སྦྱོང་གི་གྲུབ་འབྲས་དང་མྱོང་ཚོར་གླེང་།  པཎ་ཆེན་ཚད་མའི་སློབ་གླིང་གི་སློབ་གཙོ་སྒར་བ་ངག་དབང་བཟང་པོས་ཚད་མ་རིག་པ་འདི་ཉིད་དུས་རབས་ཀྱི་འགྲོས་དང་མཐུན་པའི་འཕེལ་རྒྱས་སུ་གཏོང་དགོས་པའི་སྐོར་ནས་གསུང་བཤད་གནང་། ཧང་ཀྲིག་ནང་བསྟན་སློབ་གླིང་གི་བཙུན་པ་ཧྭེ་ཀོན་གྱིས་ཀྲུང་གོ་གཏན་ཚིགས་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་སྐབས་འདིའི་ཚད་མའི་ཟབ་སྦྱོང་འཛིན་གྲྭའི་འགན་སྒྲུབ་ལས་ཁུངས་ཏེ་པཎ་ཆེན་ཚད་མའི་སློབ་གླིང་ལ་བཀའ་དྲིན་ཞུས་པ་མ་ཟད།མཇུག་བསྡུས་པའི་གསུང་བཤད་གནང་། དེ་ནས་སྒར་བ་ངག་དབང་བཟང་པོ་དང་། བཙུན་པ་ཧྭེ་ཀོན་གཉིས་ཀྱིས་སློབ་གྲོགས་ཡོངས་ལ་སློབ་མཇུག་སྒྲིལ་བའི་འཛིན་རྟགས་ཕུལ་ཏེ་དགེ་སློབ་ལྷན་རྒྱས་མཉམ་པར་བླངས་པ་དང་བཅས་པའི་གཟབ་རྒྱས་ངང་ཐེངས་འདིའི་ཟབ་སྦྱོང་ལེགས་པར་གྲུབ་པ་ཡིན། ཐེངས་འདིའི་ཟབ་སྦྱོང་བརྒྱུད་ནས་ཚད་མ་རིག་པ་འདི་ཉིད་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་ཁག་དང་། རྒྱ་བོད་སོག་གསུམ་གྱི་མཚོན་པའི་མི་རིགས་སོ་སོ། སྤྱི་ཚོགས་ལས་རིགས་ཀྱི་དབྱེ་བ་མེད་པར་དར་སྤེལ་དུ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་མཚོ་སྔོན་ཞིང་ཆེན་ཏང་གི་ཚོགས་ཆེན་བཅུ་གསུམ་པའི་དགོངས་དོན་ལྟར། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་འབྱུང་བར་ནུས་པ་འདོན་དགོས་པ་མ་ཟད། མི་དམངས་འབྱོར་ཕྱུག་དང་སྤྱི་ཚོགས་འཆམ་མཐུན། འཛམ་གླིང་ཞི་བདེ་བཅས་ཀྱི་ཐད་ལའང་བྱས་རྗེས་འཇོག་པར་ནུས་པ་གང་ལེགས་འདོན་དགོས་པ་ཡིན་ནོ།།

རྩོམ་སྒྲིག་པ་དཀོན་མཆོག་རྒྱ་མཚོ།

བརྒྱུད་འགོད།
0