མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་དང་ཟི་ལིང་ཙོང་ཁ་དགོན་པ་གཉིས་མཉམ་འབྲེལ་གྱིས་ཝུའུ་ཧན་རོགས་སྐྱོར་གནང་བ

སྤེལ་དུས།  2020-02-08   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  དཀོན་མཆོག་རྒྱ་མཚོ།   ཀློག་གྲངས།  

4daf1bbaa1c88093010dd73ab5d3eb9.jpg

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་དང་ཟི་ལིང་ཙོང་ཁ་དགོན་པ་གཉིས་མཉམ་འབྲེལ་གྱིས་ཝུའུ་ཧན་རོགས་སྐྱོར་གནང་བ།

༢༠༢༠ལོའི་ཟླ༡པའི་ཚེས་༣༠ཉིན། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་དང་ཟི་ལིང་ཙོང་ཁ་དགོན་པ་གཉིས་མཉམ་འབྲེལ་གྱིས་གསར་བྱུང་གློ་ཚད་རིམས་ནད་སྔོན་འགོག་ཐད་ལ་སྒོར་༡༠༠༠༠༠ཞལ་འདེབས་སུ་ཕུལ་བ།  ཟི་ལིང་ཙོང་ཁ་དགོན་གྱིས་ཉིན་རེར་ཝུའུ་ཧན་གཙོ་བྱས་པའི་རྒྱལ་ཡོངས་ཀྱི་གསར་བྱུང་གློ་ཚད་རིམས་ནད་མྱུར་དུ་ཞི་བ་དང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ས་ཡ་དྲུག་ལ་ནད་མེད་བདེ་སྐྱིད་ཡོང་བ་དང་། མཚོ་སྔོན་གྱི་སྔ་གཞུག་གཉིས་སུ་ཝུའུ་ཧན་དུ་སྐྱོད་པའི་སྨན་བཅོས་རོགས་སྐྱོར་རུ་ཁག་གི་སྨན་བཅོས་མི་སྣ་ཚང་མ་བདེ་བླག་ངང་སླར་ལོག་པར་མཆོག་གསུམ་ལ་སྐྱབས་འཇུག་ཞུས་བཞིན་ཡོད།  


blob.png


青海省因明学会及青海西宁市宏觉寺为武汉灾区捐赠10万元人民币,惟愿早得痊愈、熄灭病灾。

2020年1月30日,青海省西宁市宏觉寺及青海省因明学会为武汉灾区捐赠10万元人民币,宏觉寺僧众为湖北武汉等地新型冠状病毒感染的肺炎患者和所有一线医护人员的平安诵经祈福,祈愿逝者安息、生者离苦、祛病痊愈、众生安康,国泰民安。同时祈愿我省先后援助湖北医疗队的医护人员圆满完成任务、凯旋归来!


754946679acfc3472ad0b5ec9f99d41.png

རྩོམ་སྒྲིག་པ། དཀོན་མཆོག་རྒྱ་མཚོ།


བརྒྱུད་འགོད།
0