མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་ལྔ་བ་འཚོགས་པ།

སྤེལ་དུས།  2020-10-26   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  དཀོན་མཆོག་རྒྱ་མཚོ།   ཀློག་གྲངས།  

image.png

2020ལོའི་ཟླ་10ཚེས་25ཉིན།མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་ལྔ་བ་ཟི་ལིང་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་དུ་གཟབ་རྒྱས་ངང་འཚོགས།ཐེངས་འདིའི་ཚོགས་འདུ་ལ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བང་ཧྭ་ཕིན་དང་།མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་སྒྲིལ་པུའུ་བོད་ཁུལ་གཞུང་སྒྲུབ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དོན་གྲུབ་ཚེ་རིང་། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ་ཕག་མོ་ཚེ་རིང་། ཟི་ལིང་གྲོང་ཁྱེར་མཁར་དབུས་ས་ཁུལ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣ་དང་།མཚོ་སྔོན་མི་རིགས་སློབ་ཆེན་དང་།མཚོ་སྔོན་དགེ་ཐོན་སློབ་ཆེན།ནུབ་བྱང་མི་རིགས་སློབ་ཆེན།རོང་བོ་དགོན་ཆེན། དྷཱི་ཚ་བཀྲ་ཤིས་ཆོས་སྡིངས།པུས་མདོ་དགོན་ཆེནཀླུ་ཚང་དགོན་པ། ལ་མོ་བདེ་ཆེན་དགོན་པ། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོ། པཎ་ཆེན་ཚད་མའི་སློབ་གླིང་སོགས་ཀྱི་དགེ་རྒན་ཆེན་མོ་དང་།མཁན་པོ།དགེ་བཤེས།གཞི་རིམ་གྱི་མི་རིགས་སློབ་འབྲིང་ཁག་གི་དགེ་རྒན་སོགས་བསྡོམས་པའི་མི་ལྔ་བཅུ་ལྷག་ཐེངས་འདིའི་ཚོགས་འདུར་ཞུགས་ཡོད།

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་མགོན་པོ་ཚེ་རིང་གིས་ཚོགས་འདུའི་འགོ་འཛིན་གནང་ཞིང་ཀྲུང་གོའི་གཏན་ཚིགས་རིག་པ་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ།མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་བོ་མཆོག་གིས་ཚོགས་འདུར་ཤིས་ཚིག་ཕུལ་བ་དང་། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟླ་བས་གཏམ་བཤད་གནང་།མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་དཀོན་མཆོག་རྒྱ་མཚོས་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་༢༠༢༠ལོའི་རྒྱུན་ལས་བྱ་བའི་སྙན་ཞུ་ཕུལ།

ཚོགས་གཙོ་སྒར་བ་ངག་དབང་བཟང་པོས་ཤིས་ཚིག་ཁྲོད་གསུང་རྒྱུར། ཚད་མ་རིག་པའི་ཐུན་མོང་མ་ཡིན་པའི་རིགས་ལམ་འདི་ཉིད་དེང་རབས་སྤྱི་ཚོགས་སློབ་གསོའི་ཁོངས་སུ་ཇི་ལྟར་འཇུག་དགོས་པའི་སྐོར་གྱི་ཚད་རིག་སློབ་དེབ་དང་ཚད་རིག་དཔྱད་རྩོམ་འགྲེམ་སྤེལ།ཚད་རིག་དྲ་ཐོག་བརྒྱུད་སྤེལ་ལ་སོགས་པར་བརྟེན་ནས། ད་ལྟའི་དངོས་ཡོད་ཀྱི་སྤྱི་ཚོགས་དང་མ་འོངས་པའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཁ་ཕྱོགས་ཏེ། ད་ལྟའི་དུས་འདིར་ཡང་དེང་གི་རིག་ཚན་གསར་བའི་བརྗོད་བྱ་ལ་ཚད་མ་རིག་པའི་རིགས་ལམ་གྱི་འགྲོས་དང་སྦྱར་ནས་ཇི་ལྟར་རྒྱུན་འཛིན་བྱེད་དགོས་པའི་དུས་རིམ་གལ་ཆེན་ཞིག་ཏུ་སླེབས་ཡོད་པས།ཚད་མ་རིག་པའི་གཞུང་ལུགས་འདི་ཉིད་དུས་རབས་ཀྱི་འགྲོས་དང་མཐུན་པའི་སྒོ་ནས་དེང་གི་སྤྱི་ཚོགས་ལ་ཕན་ནུས་ལྡན་པའི་རིག་པའི་གཞུང་ལུགས་ཤིག་ཏུ་འགྱུར་རྒྱུ་ནི་ཆེས་གལ་ཆེ་བའི་གནད་དོན་ཞིག་ཏུ་གྱུར་ཡོད།

image.png

མཚོ་སྔོན་ཞིང་ཆེན་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བང་ཧྭ་ཕིན།

image.png

མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་སྒྲིལ་པུའུ་བོད་ཁུལ་གཞུང་སྒྲུབ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དོན་གྲུབ་ཚེ་རིང་།

image.png

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་བོ་མཆོག་གིས་ཤིས་ཚིག་ཕུལ་བ

image.png

མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཟླ་བས་གཏམ་བཤད་གནང་བཞིན་པ།

image.png

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་མགོན་པོ་ཚེ་རིང་གིས་ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ལ་མགོ་འཛིན་མཛད།

image.png

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་དཀོན་མཆོག་རྒྱ་མཚོས་ཚད་རིག་ལྷན་ཚོགས་ཀྱི་ལོ་གཅིག་གི་རྒྱུན་ལས་བྱ་བའི་སྙན་ཞུ་ཕུལ་བ།

image.png

ཐེངས་འདིའི་ཚོགས་ཆེན་གྱི་དངོས་གཞི་བགྲོ་གླེང་ལ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོམཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དགེ་རྒན་ཆེན་མོ་དགེ་འདུན་གྱིས་ཚོགས་ཆེན་བགྲོ་གླེང་གི་འགོ་འཛིན་གནང་བཞིན་པ།

image.png

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དགེ་རྒན་ཆེན་མོ་ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱིས་ཚད་མ་རིག་པ་ནང་ཆོས་ཡིན་མིན་སྐོར་གྱི་བསམ་གཞིགས་གསར་བཞེས་པའི་སྐོར་ནས་གཏམ་བཤད་གནང་བ།

image.png

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དགེ་བཤེས་ངག་དབང་མཆོག་གྲུབ་ཀྱིས་བོད་བརྒྱུད་ཚད་མ་རིག་པའི་བྱུང་བ་དང་དེའི་རིན་ཐང་སྐོར་གླེང་བཞེས་པའི་སྐོར་ནས་གཏམ་བཤད་གནང་།

image.png

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ལས་འཛིན་དགེ་བཤེས་འཇིགས་མེད་བློ་གྲོས་ཀྱིས་ཚད་མ་རིག་པ་ནི་ཤེས་རབ་ཀྱི་མིག་འབྱེདལྟ་བུ་ཡིན་པའི་སྐོར་གླེང་བཞེས་པའི་གཏམ་བཤདགནང་།

image.png

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཡིག་གཞོན་པ་སྟག་འབུམ་རྒྱལ་གྱིས་རྒྱ་དང་ཕྱི་ཚུལ་གཏན་ཚིགས་རིག་པར་བསྡུར་བའི་སྒྲུབ་ངག་ཡན་ལག་གསུམ་པའི་ངོས་འཛིནཞེས་པའི་སྐོར་ནས་གཏམ་བཤད་གནང་།

image.png

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ལས་འཛིན་བློ་བཟང་དམ་ཆོས་ཀྱིས་རྟགས་འཛིན་སེམས་ཀྱི་ངོ་བོ་དང་སྐྱེས་ཚུལ་སྐོརནས་གཏམ་བཤད་གནང་།

image.png

ཚོགས་རའི་ཟུར་ཞིག

image.png

ཚོགས་རའི་ཟུར་ཞིག

ཉིན་དེའི་ཕྱི་དྲོར་ཚོ་ཆུང་གཉིས་སུ་བགོས་ནས་ཚོགས་མི་རྣམས་ཀྱིས་སོ་སོས་ཚོགས་འདུའི་བརྗོད་གཞི་ལ་ཚད་མ་རིག་པའི་གཞུང་ལུགས་ཀྱི་སྐོར་དང་ཚད་མ་རིག་པ་ཇི་ལྟར་རྒྱུད་འཛིན་དང་དར་སྤེལ་བྱེད་པའི་སྐོརནས་བགྲོ་གླེང་གནང་བ་དང་།  དེ་ཡང་རྟགས་འཛིན་སེམས་དང་འབྲས་རྟགས་ཡང་དག་གི་སྐོར རྒྱ་བོད་གཏན་ཚིགས་རིག་པའི་གཞུང་ལུགས་དཔྱད་བསྡུར་གྱི་སྐོར།  ཕྱི་ཚུལ་གཏན་ཚིགས་རིག་པ་དང་ཚད་མ་རིག་པའི་གཞུང་ལུགས་དཔྱད་བསྡུར་གྱི་སྐོར། མི་སྣ་གསར་བ་ཇི་ལྟར་སྐྱེད་བསྲིང་བྱེད་པའི་སྐོརཚད་མ་རིག་པ་ནང་ཆོས་ཀྱི་ཁོངས་སུ་གཏོགས་མིན་གྱི་སྐོར་གྱི་བསམ་གཞིགས་གསར་བཚད་མ་རིག་པ་དེང་གི་སྤྱི་ཚོགས་ལ་ཇི་ལྟར་ཁ་ཕྱོགས་པ་དང་ནུས་པ་ཇི་ལྟར་འདོན་པའི་སྐོར་ནས་བགྲོ་གླེང་རྒྱ་ཆེར་གནང་བ་མ་ཟད། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དགེ་འདུན་དང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྷུན་འགྲུབ་རྡོ་རྗེ་གཉིས་ཀྱིས་ཚོ་ཆུང་སོ་སོར་འགོ་འཛིན་མཛད་ཅིང་། མཇུག་མཐར་ཚོགས་མི་རྣམས་ཀྱི་བགྲོ་གླེང་ལ་སྤྱི་སྡོམ་མཛད། ཚད་རིག་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དགེ་བཤེས་མུན་འཇོམས་སྒྲོན་མེས་ཐེངས་འདིའི་ཚོགས་འདུའི་སྤྱི་སྡོམ་དང་མཇུག་བསྡུ་བའི་གཏམ་བཤད་གནང་ནས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ངང་ཚོགས་འདུའི་མཇུག་སྒྲིལ་བ་རེད།

image.png

ཚོ་ཆུང་དང་པོས་ཚོགས་འདུའི་བརྗོད་གཞིའི་སྐོར་ལ་བགྲོ་གླེང་གནང་བཞིན་པ།

image.png

ཚོ་ཆུང་གཉིས་པས་ཚོགས་འདུའི་བརྗོད་གཞིའི་སྐོར་ལ་བགྲོ་གླེང་གནང་བཞིན་པ།

image.png

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྷུན་འགྲུབ་རྡོ་རྗེས་ཚོ་ཆུང་གི་བགྲོ་གླེང་ལ་འགོའཛིན་མཛད་པ།

image.png

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་མུན་འཇོམས་སྒྲོན་མེས་ཐེངས་འདིའི་བགྲོ་གླེང་ལ་སྤྱི་སྡོམ་དང་མཇུག་བསྡུ་གཏམ་བཤད་གནང་བཞིན་པ།

image.png

ཚོགས་རའི་ཡུལ་དངོས།

ད་ལོའི་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱིས་ཚད་མ་རིག་པ་འདི་ཉིད་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐད་ནས། ཀྲུང་ཧྲན་སློབ་གྲྭ་ཆེན་མོ་དང་། ཧྲན་ཞི་དགེ་འོས་སློབ་ཆེན།  པེ་ཅིན་སློབ་གྲྭ་ཆེན་མོ། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་འཛམ་གླིང་ཆོས་ལུགས་ཞིབ་འཇུག་ཁང་སོགས་ཀྱི་མཚན་ཉིད་རིག་པ་དང་གཏན་ཚིགས་རིག་པའི་ཆེད་ལས་མཁས་པ་དང་བསམ་བློ་བརྗེ་རེས་བྱས་པ་དང་། ཚད་མ་རིག་པའི་རིགས་ལམ་དེང་རབས་སློབ་གསོའི་ཁོངས་སུ་ཇི་ལྟར་འཇུག་ཚུལ་སྐོར་གྱི་བགྲོ་གླེང་ཚོགས་འདུ་བསྡུས་ནས།  སློབ་གསོ་སྡེ་ཁག་གི་ཚད་མ་རིག་པའི་གལ་ཆེན་རང་བཞིན་ངོས་ཟིན་རྒྱུས་ལོན་དང་། ཚད་མ་རིག་པའི་ད་ལྟའི་གནས་བབ། དུས་དང་མཐུན་པའི་ཚད་མ་རིག་པའི་ཁྲིད་གཞིའི་སློབ་དེབ་རྩོམ་སྒྲིག   དགེ་རྒན་གསོ་སྐྱོང་སོགས་ཀྱི་སྐོར་ནས་འགོ་ཁྲིད་དང་ཆེད་ལས་མཁས་པ་རྣམས་ཀྱི་བགྲོ་གླེང་རྒྱ་ཆེར་གནང་། ཚད་མ་རིག་པ་འདི་ཉིད་བོད་ཁུལ་གྱི་སློབ་འབྲིང་ཁག་སོ་སོར་དར་སྤེལ་གཏོང་དགོས་པའི་སྐོར་ནས་བསམ་བློ་བརྗེ་རེས་བྱས། གཞན་མཚོ་སྔོན་ཞིང་ཆེན་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ཚད་མ་རིག་པ་རྒྱུན་འཛིན་དར་སྤེལ་གྱི་ཆེད་དུ། ཞིང་ཆེན་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བང་ཧྭ་ཕིན། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་བོ་སོགས་མགོ་ལོག་ཁུལ་དང་མཚོ་ཤར་གྲོང་ཁྱེར་གྱི་ས་གནས་ཀྱི་དགོན་པ་དང་སློབ་གྲྭ་འགའ་ཞིག་ལ་ཡུལ་དངོས་རྟོག་དཔྱོད་དུ་སོང་ནས། ཁུལ་དང་གྲོང་ཁྱེར་གྱི་སྲིད་གྲོས་དང་སློབ་གསོ་ཅུའུ། སློབ་གྲྭ་ཁག་གིས་རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར། ཚད་མ་རིག་པའི་སློབ་ཁྲིད་རྒྱུན་འཛིན་དར་སྤེལ་སྐོར་ནས་རྟོག་ཞིབ་བྱས། ཚད་མ་རིག་པ་འདི་ཉིད་བོད་ཁུལ་གྱི་སློབ་ཆེན་དང་སློབ་འབྲིང་ཁག་སོ་སོར་དར་སྤེལ་གཏོང་དགོས་པ་མ་ཟད། དེ་བཞིན་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོ་རྣམས་དང་། སྤྱི་ཚོགས་ལས་རིགས་ཁག་སོ་སོར་དབྱེ་བ་མེད་པར་དར་སྤེལ་བཏང་ནས། ཐ་ན་འཛམ་གླིང་གི་སློབ་གྲྭ་ཆེན་མོ་ཁག་དང་ཞིབ་འཇུག་སྡེ་ཁག་སོགས་ལ་དར་སྤེལ་བཏང་བར་བརྟེན་ནས་ཤར་ཕྱོགས་གཏན་ཚིགས་རིག་པའི་མཚན་རྟགས་གྲགས་ཅན་དུ་བསྐྲུན་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག  ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་བྱས་རྗེས་གསར་བ་འཇོག་པར་བརྩོན་དགོས་པ་ཡིན་ནོ། །

རྩོམ་སྒྲིག་པ། དཀོན་མཆོག་རྒྱ་མཚོ།

བརྒྱུད་འགོད།
0