ཚད་མ་རིག་པའི་རིགས་ལམ་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ཁྲོད་ཇི་ལྟར་བེད་སྤྱོད་བྱེད་པའི་ཐབས་ལམ།

སྤེལ་དུས།  2021-10-04   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  དཀོན་མཆོག་རྒྱ་མཚོ།   ཀློག་གྲངས།  

ཚད་མ་རིག་པའི་རིགས་ལམ་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ཁྲོད་ཇི་ལྟར་བེད་སྤྱོད་བྱེད་པའི་ཐབས་ལམ་སྐོར་གྱི་རིག་གཞུང་འཆད་ཁྲིད།

2021ལོའི་ཟླ10ཚེས3ཉིན། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་བ་ལྟར། མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་ལྟེ་བ་ཙོང་ཁ་དགོན་བརྩེ་ཆེན་དར་རྒྱས་གླིང་དུ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དགེ་འདུན་ལགས་ཀྱིས་ཚད་མ་རིག་པའི་རིགས་ལམ་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ཁྲོད་ཇི་ལྟར་བེད་སྤྱོད་བྱེད་པའི་ཐབས་ལམ་ཞེས་པའི་བརྗོད་གཞི་ལས་བརྩམས་ཏེ།ཚད་མ་རིག་པ་འདི་ཉིད་ཐོག་མར་གནའ་བོའི་རྒྱ་གར་ཡུལ་གྱི་བྱུང་བ་དང་། བར་དུ་རྒྱ་ནག་དང་བོད་དུ་དར་བའི་འཕེལ་རིམ། ད་ལྟའི་གནས་བབ་བཅས་ལ་གཞིག་ནས་ཚད་མའི་རིགས་ལམ་སྤྱི་ཚོགས་ཀྱི་ལས་རིགས་དང་ཁྱབ་ཁོངས་སོ་སོའི་ཁྲོད་ཇི་ལྟར་བེད་སྤྱོད་བྱེད་པའི་ཐབས་ལམ་དང་། མ་འོངས་པར་ཇི་ལྟར་ཁ་ཕྱོགས་ནས་དར་སྤེལ་གཏོང་དགོས་པའི་སྐོར་གྱི་རིག་གཞུང་ཞིབ་འཇུག་གི་འཆད་ཁྲིད་རྒྱས་པར་གནང་བ་རེད།

关于因明逻辑思维如何发挥社会各领域中的正能量作用的学术讲座

      2021年10月3日,按照青海省因明学会邀请,由青海民族大学更登教授在西宁宏觉寺作关于因明逻辑思维如何发挥社会各领域中的正能量作用的学术专题讲座,噶尔哇·阿旺桑波活佛主持讲座。 更登教授在讲座中,紧紧围绕讲座主题,运用深入浅出的语言、理论与实践相结合的方法、举出大量的鲜活实例,进行全面陈述了因明逻辑学在古印度产生的学术背景、汉藏各地区的传播与兴盛进程,以及因明逻辑思维如何运用到现实社会各领域中发挥正能量作用,立足现实、面向未来,为习近平新时代中国特色社会主义文化强国做出新贡献!

图片1.png

མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དགེ་འདུན་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ།

青海民族大学更登教授在讲座

ཚོགས་རའི་ཡུལ་དངོས།

བློ་སེམས་རྩེ་གཅིག་གིས་ཉན་བཞིན་པ།

དྲི་བ་དྲིས་ལན་གྱི་སྒོ་ནས་བགྲོ་གླེང་གནང་བ།

མཉམ་པར།

རྩོམ་སྒྲིག་པ། དཀོན་མཆོག་རྒྱ་མཚོ།

བརྒྱུད་འགོད།
0