ཚད་མ་རིག་པའི་གལ་ཆེན་རང་བཞིན་སྐོར་གྱི་རིག་གཞུང་འཆད་ཁྲིད།

སྤེལ་དུས།  2021-10-06   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  དཀོན་མཆོག་རྒྱ་མཚོ།   ཀློག་གྲངས།  

  ཚད་མ་རིག་པའི་གལ་ཆེན་རང་བཞིན་སྐོར་གྱི་རིག་གཞུང་འཆད་ཁྲིད།

 关于学习因明逻辑学的重要性及其现实意义的学术讲座

2021ལོའི་ཟླ་10ཚེས་4ཉིན།མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་བ་ལྟར།མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་ལྟེ་བ་ཙོང་ཁ་དགོན་བརྩེ་ཆེན་དར་རྒྱས་གླིང་དུ།ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ།འབུམ་རམས་པའི་སློབ་སྟོན་ཆུ་སྐྱེས་དགེ་འདུན་བསམ་གཏན་ལགས་ཀྱིས་ཚད་མ་རིག་པའི་གལ་ཆེན་རང་བཞིན་སྐོར་བཤད་པ་ཞེས་པའི་བརྗོད་གཞི་ལས་བརྩམས་ཏེ།སྔོན་གྱི་དུས་སུ་ཚད་མ་རིག་པ་ནི།འདུལ་བ་བསྟན་པའི་ནང་མཛོད།ཚད་མ་བསྟན་པའི་ལྕགས་རིར་བསྔགས་པ་ལྟར་ལུང་སྡེ་སྣོད་གསུམ་དང་ལམ་བསླབ་པ་གསུམ་གྱི་རྣམ་བཞག་རིགས་པ་ཡང་དག་གིས་གཏན་ལ་ཕབ་ནས་གསལ་བར་མཛད་པ་ཚད་མ་ལ་རག་ལས་ཤིང་དེ་ཡང་ལུང་རིགས་གཉིས་ལས་རིགས་པ་གཙོ་བོར་འཛིན་པ་དང་། མངོན་རྗེས་གཉིས་ལས་རྗེས་དཔག་གཙོར་བཟུང་ནས་ཆོས་རྣམས་ཀྱི་ངོ་བོ་གནས་ལུགས་ཚད་མའི་རིགས་ལམ་གྱིས་གཏན་ལ་ཕབ་སྟེབོད་ཀྱི་རིག་གཞུང་སྤྱི་དང།སྒོས་སུ་ནང་བའི་བསྟན་པ་སྲུང་བར་མཛད་པ་ལས།དམག་དཔུང་གི་བཙན་ཤུགས་དང་རྒྱུ་ནོར་གྱི་བསླུ་བྲིད་ལ་བརྟེན་ནས་རང་གི་ཆོས་ལུགས་དང་རིག་གཞུང་སྤེལ་བའི་ལོ་རྒྱུས་ནི་མ་མཆིས་ཤིང་།དེང་གི་དུས་ནའང་འཛམ་གླིང་གི་སྣ་མང་རིག་གནས་ཁྲོད། བོད་རང་གི་རིག་གནས་ཡང་དག་སྒོས་རྒྱུན་འཛིན་དར་སྤེལ་དང་ཡུན་རིང་དུ་གནས་པ་ལ་ཚད་མ་རིག་པ་འདི་ཉིད་ལ་བརྟེན་དགོས་པས། ཚད་མ་རིག་པ་དུས་དང་གནས་སྐབས་ཀུན་ཏུ་དགོས་གལ་ཆེ་བའི་སྐོར་གྱི་རིག་གཞུང་ཞིབ་འཇུག་གི་འཆད་ཁྲིད་རྒྱས་པར་གནང་བ་རེད།


 2021年10月4日,按照青海省因明学会邀请,由西北民族大学博士生导师更登三木旦教授在西宁宏觉寺作关于学习因明逻辑学的重要性及其现实意义的学术专题讲座,噶尔哇·阿旺桑波活佛主持讲座。

本次学术讲座中,更登三木旦教授紧紧围绕学术讲座主题,运用生动而通俗的语言、理论联系实际、引经据典,进行全面地陈述了因明逻辑学在古今学术发展史上的重要地位和作用,对道德守法学、俱舍世界观、般若智慧学、中观哲学思想等五部大论理论的有力继承与发展起到了九牛二虎之力,与古希腊逻辑、先秦明辨学相媲美。特别是因明逻辑学能提高人们的辩证思维和明辨概括思维,增强人们的分析、论辩、判断、批判、认识等能力的同时,它广泛运用到现实社会各领域中获取新知识、表达自己正确的思想和观点等方面有积极作用,更好地为铸牢中华民族共同体意识能发挥更大作用。  

微信图片_20211006163559.jpg

ཚོགས་རའི་ཡུལ་དངོས། 

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་པོས་འགོ་འཛིན་མཛད་པ།

དྲི་བ་དྲིས་ལན་གྱི་སྒོ་ནས་བགྲོ་གླེང་གནང་བཞིན་པ།

  ལྷན་རྒྱས་ཀྱི་མཉམ་པར།


རྩོམ་སྒྲིག་པ། དཀོན་མཆོག་རྒྱ་མཚོ།

བརྒྱུད་འགོད།
0