རྒྱལ་ཡོངས་ཚད་མ་རིག་པའི་རིག་གཞུང་བགྲོ་གླེང་སྐབས་བཅུ་དྲུག་པ།

སྤེལ་དུས།  2021-10-19   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  དཀོན་མཆོག་རྒྱ་མཚོ།   ཀློག་གྲངས།  

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་མི་གཙོ་གྲས་འགའ་རྒྱལ་ཡོངས་ཚད་མ་རིག་པའི་རིག་གཞུང་བགྲོ་གླེང་ལ་ཞུགས་པ། 

༢༠༢༡ལོའི་ཟླ༡༠ཚེས་༡༦ནས་༡༧ཉིན། རྒྱལ་ཡོངས་ཚད་མ་རིག་པའི་རིག་གཞུང་བགྲོ་གླེང་སྐབས་བཅུ་དྲུག་པ་ཀན་སུའུ་ཏུན་ཧོང་དུ་འཚོགས་ཤིང་། ཐེངས་འདིའི་ཚོགས་འདུ་ནི་ཀྲུང་གོ་གཏན་ཚིགས་རིག་པ་ཚད་མ་ཆེད་ལས་ཨུ་ཡོན་ལྷན་ཁང་དང་། ཏུན་ཧོང་ཞིབ་འཇུག་གླིང་། ལན་ཀྲིག་སློབ་ཆེན་བཅས་ཀྱིས་གཙོ་སྒྲུབ་དང་། གཞན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། ཧྥ་མིན་དགོན་ནང་བསྟན་སློབ་གླིང་། ཧང་ཀྲིག་ནང་བསྟན་སློབ་གླིང་བཅས་ཀྱིས་མཉམ་བསྒྲུབས་གནང་ནས་གནའ་བོའི་སྒྱུ་རྩལ་གྱི་ལྟེ་གནས་ཏུན་ཧོང་དུ་གཟབ་རྒྱས་ངང་འཚོགས།   ཐེངས་འདིའི་ཚད་མ་རིག་པའི་བགྲོ་གླེང་ལ་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོ་ཁག་དང་ཞིབ་འཇུག་སྡེ་ཁག་གི་ཆེད་མཁས་མི་སྣ་༦༠ལྷག་ཚོགས་འདུར་ཞུགས།  ཀྲུང་གོ་གཏན་ཚིགས་རིག་པ་ཚད་མ་ཆེད་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཀྲིག་བེ་ཡིས་འགོ་རྩོམ་པའི་ཚོགས་འདུ་ལ་འགོ་འཛིན་མཛད།  ཏུན་ཧོང་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་ཀྲང་ཡོན་ལིན་གྱིས་འཚམས་འདྲིའི་ཤིས་ཚིག་ཕུལ།    ཀྲུང་གོ་གཏན་ཚིགས་རིག་པ་ཚད་མ་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧྲོན་ཀྲིན་དང་།  ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ལྷ་བྱམས་རྒྱལ། ཧྥ་མིན་དགོན་ནང་བསྟན་སློབ་གླིང་གི་སློབ་གཙོ་ཁོད་ཡན། ཧང་ཀྲིག་ནང་བསྟན་སློབ་གླིང་གི་སློབ་དཔོན་ཧྭེ་ཀོན། ལན་ཀྲིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁྲིན་ཧྲིན་པོ་སོགས་ཀྱིས་གཏམ་བཤད་གནང་།  ཀྲུང་གོ་གཏན་ཚིགས་རིག་པ་ཚད་མ་ཆེད་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་གཞོན་པ་ཀྲང་ཤོད་ཤང་གིས་འདས་པའི་ལོ་གཉིས་རིང་གི་བྱ་བའི་སྙན་ཞུ་ཕུལ།  དེ་ནས་ཚོ་ཆུང་གཉིས་སུ་བགོས་ནས་ཚད་མ་རིག་པའི་ཆེད་མཁས་རྣམས་ཀྱིས་འཛམ་གླིང་ཤར་ནུབ་ཀྱི་གཏན་ཚིགས་རིག་པ་དང་། རྒྱ་བརྒྱུད་དང་བོད་བརྒྱུད་ཀྱི་གཏན་ཚིགས་རིག་པའི་གཞུང་ལུགས་ཞིབ་འཇུག་སྐོར་ནས་ཉིན་གཉིས་རིང་བགྲོ་གླེང་ཞིབ་རྒྱས་གནང་བས་གྲུབ་འབྲས་ཁྱད་དུ་འཕགས་པ་བླངས་པས་ཀུན་གྱིས་དགའ་བསུ་ཐོབ།

569ac4f28fc92cbb9c069b73bc1ae7b.jpg

ངེད་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་བོ་དང་། ཚོགས་གཙོ་གཞོན་པ་དགེ་རྒན་ཆེན་མོ་ཟླ་བ། དགེ་རྒན་ཆེན་མོ་དགེ་འདུན། དགེ་རྒན་ཆེན་མོ་ཁྱུང་ཕྲུག་བློ་བཟང་དར་རྒྱས། དྲུང་ཡིག་ཆེན་མོ་གཞོན་པ་དཀོན་མཆོག་རྒྱ་མཚོ་སོགས་བགྲོ་གླེང་ལ་ཞུགས་ནས་ཚད་མ་རིག་པའི་སྐོར་ནས་དཔྱད་རྩོམ་དང་དཔྱད་བརྗོད་སྤེལ་བ། 微信图片_20211019204631.jpg

འགོ་རྩོམ་པའི་མཛད་སྒོ།

ཚོགས་རའི་ཡུལ་དངོས།

གཏན་ཚིགས་རིག་པའི་ཆེད་མཁས་པ་ཧྲིན་ཅན་ཡན་གྱིས་གཏམ་བཤད་གནང་བཞིན་པ།

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དགེ་རྒན་ཆེན་མོ་ཟླ་བས་ཚོགས་འདུ་ལ་འགོ་འཛིན་མཛད་ཅིང་། ཐེངས་འདིའི་བགྲོ་གླེང་སྟེང་ཁོང་གི་བརྩམས་ཆོས་གསར་བ《རྒྱ་བོད་གཏན་ཚིགས་རིག་པའི་བསམ་བློ་གཤིབ་བསྡུར》ཞེས་པའི་དཔེ་ཆ་ཆེད་མཁས་རྣམ་པར་སྐྱེས་སུ་ཕུལ་བས་གདེངས་འཇོག་ཚད་མཐོན་པོ་གནང་། 

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་བོས་ཚད་མ་རིག་པ་རྒྱུན་འཛིན་དར་སྤེལ་བྱེད་པ་ལ་དེང་རབས་ཀྱི་སློབ་གསོའི་ཁྱབ་ཁོངས་སུ་ཇི་ལྟར་ཚུད་དགོས་པའི་སྐོར་ནས་གཏམ་བཤད་གནང་།

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱིས་ཚད་མའི་རིག་གཞུང་ཆོས་ལུགས་ཤིག་མ་ཡིན་པའི་སྐོར་གྱི་བསྐྱར་ཞིབ་ཞེས་པའི་ཐད་ནས་རང་ཉིད་ཀྱིས་ལྟ་ཚུལ་གླེང་བ།

微信图片_20211019204707.jpg

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་དཀོན་མཆོག་རྒྱ་མཚོས་ཚད་མའི་གཞུང་གི་དགག་སྒྲུབ་ཀྱི་ངོ་བོ་དང་དེ་ལ་བརྟེན་པའི་གཏན་ཚིགས་ལ་དཔྱད་པ་ཞེས་པའི་སྐོར་ནས་བགྲོ་གླེང་མཛད།

དྲི་བ་དྲིས་ལན་གྱིས་སྒོ་ནས་བགྲོ་གླེང་གནང་བཞིན་པ།  

图片11.png

ཚོགས་མི་ལྷན་རྒྱས་ཏུན་ཧོང་བྲག་ཕུག་ཏུ་རྟོག་ཞིབ་ལ་ཕེབས་སྐབས་བསྐྱོན་པའི་མཉམ་པར།

ཐེངས་འདིའི་རིག་གཞུང་བགྲོ་གླེང་ལ་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་ཁག་དང་། ཞིབ་འཇུག་སྡེ་ཁག རྒྱ་བོད་སོག་གསུམ་གྱི་མཚོན་པའི་མི་རིགས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་དོན་ལྟར། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་འབྱུང་བར་ནུས་པ་འདོན་དགོས་པ་མ་ཟད། སྤྱི་ཚོགས་འཆམ་མཐུན། འཛམ་གླིང་ཞི་བདེ་བཅས་ཀྱི་ཐད་ལའང་བྱས་རྗེས་འཇོག་པར་ནུས་པ་གང་ལེགས་འདོན་དགོས་པ་ཡིན་ནོ།།

རྩོམ་སྒྲིག་པ། དཀོན་མཆོག་རྒྱ་མཚོ།

བརྒྱུད་འགོད།
0