གནའ་བོའི་ཞང་ཞུང་འཕྲུལ་གྱི་ཇུ་ཐིག་གི་ཡི་གེའི་སྐོར་གྱི་འཆད་ཁྲིད།

སྤེལ་དུས།  2022-06-27   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  དཀོན་མཆོག་རྒྱ་མཚོ།   ཀློག་གྲངས།  

ཙོང་ཁ་དགོན་དུ་གནའ་བོའི་ཞང་ཞུང་འཕྲུལ་གྱི་ཇུ་ཐིག་གི་ཡི་གེའི་སྐོར་གྱི་འཆད་ཁྲིད་གནང་བ།

༢༠༢༢ལོའི་ཟླ༦ཚེས༢༥ཉིན། མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་དཀྱིལ་དབུས་ཙོང་ཁ་དགོན་དུ། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་བ་ལྟར། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་ཞང་ཞུང་འཕྲུལ་གྱི་ཇུ་ཐིག་གི་ཡི་གེའི་རང་བཞིན་ལ་དཔྱད་པ་ཞེས་པའི་རིག་གཞུང་འཆད་ཁྲིད་གནང་། ཁོང་གིས་འཛམ་གླིང་སྤྱིའི་ཡི་གེ་འཕེལ་རིམ་ལས་འཕྲོས་ཏེ་ཡུལ་གྲུ་སོ་སོའི་ཡི་གེ་བྱུང་བ། ཁྱད་པར་གནའ་བོའི་བོད་ཀྱི་ཞང་ཞུང་ཇུ་ཐིག་གི་ཡི་གེ་བྱུང་བ་དང་ཁྱད་ཆོས།  དེ་ནས་མི་རྣམས་ཀྱིས་སྐད་ཆ་མཚོན་བྱེད་ཀྱི་བྲིས་གཟུགས་རྣམ་པ་ཡི་གེ་བྱུང་བ་དང་། ཡི་གེ་འབྲི་ཀློག་ལ་བརྟེན་ནས་མིའི་རིགས་ལ་ཤེས་རིག་གི་སྒྲོན་མེ་སྦར་ཞིང་ལོ་རྒྱུས་གླེགས་བམ་གསར་དུ་བསྐྲུན་པ་སོགས་ཀྱི་སྐོར་ནས་རིག་གཞུང་ཞིབ་འཇུག་གི་འཆད་ཁྲིད་རྒྱས་པར་གནང་བ་དང་། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་པོས་སི་ཁྲོན་གཡག་རྔ་མི་ཉག་ས་ཁུལ་དུ་ཡུལ་དངོས་རྟོག་དཔྱོད་ལ་ཕེབས་ནས་ཡུལ་དེར་རྙེད་པའི་གནའ་བོའི་ཡི་གེ་སྐོར་གྱི་རིག་གཞུང་སྙན་ཞུ་དང་བགྲོ་གླེང་གནང་བ་རེད། 

1.jpg

ཚོགས་མི་ལྷན་རྒྱས་ཀྱི་མཉམ་པར།

2.jpg

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་པོས་འགོ་འཛིན་གནང་བ།

3.jpg

ཚོགས་རའི་ཡུལ་དངོས།

4.jpg

དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་གནའ་བོའི་ཇུ་ཐིག་གི་ཡི་གེ་སྐོར་ངོ་སྤྲོད་གནང་བཞིན་པ།

5.jpg

བགྲོ་གླེང་གནང་བཞིན་པ།

6.jpg

སྒར་བ་ངག་དབང་བཟང་པོས་སི་ཁྲོན་གཡག་རྔ་མི་ཉག་ས་ཁུལ་གྱི་གནའ་བོའི་དཔེ་རྙིང་སྐོར་ངོ་སྤྲོད་བྱེད་བཞིན་པ།

7.jpg

དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་སྒར་བ་ངག་དབང་བཟང་པོར་ཉེ་ལམ་པར་དུ་བསྐྲུན་པའི་ཁོང་གི་བརྩམས་ཆོས་དཔེ་དེབ་༢༢སྐྱེས་སུ་འབུལ་བ།

8.png

སྒར་བ་ངག་དབང་བཟང་པོས་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་ལ་ཙོང་ཁ་དགོན་པའི་ལོ་རྒྱུས་དཔེ་དེབ་སྐྱེས་སུ་འབུལ་བ།


བརྒྱུད་འགོད།
0