རྒྱལ་ཡོངས་ཚད་མ་རིག་པའི་ཟབ་སྦྱོང་འཛིན་གྲྭ་སྐབས་བརྒྱད་པ་པཎ་ཆེན་ཚད་མའི་སློབ་གླིང་དུ་བསྡུས།

སྤེལ་དུས།  2023-08-12   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  དཀོན་མཆོག་རྒྱ་མཚོ།   ཀློག་གྲངས།  


   ༢༠༢༣ལོའི་སྤྱི་ཟླ༨པའི་ཚེས༣ནས༨ཉིན་བར། ཀྲུང་གོ་གཏན་ཚིགས་རིག་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་གཉིས་མཉམ་འབྲེལ་གྱིས་པཎ་ཆེན་ཚད་མའི་སློབ་གླིང་དུ་རྒྱལ་ཡོངས་ཚད་མ་རིག་པའི་ཟབ་སྦྱོང་འཛིན་གྲྭ་སྐབས་བརྒྱད་པ་བསྡུས་ཤིང་།  ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭའི་ནང་ཆིང་ཧྭ་སློབ་ཆེན། ནན་ཅིན་སློབ་ཆེན། ཀྲེ་ཅང་བཟོ་ཚོང་སློབ་ཆེན། སི་ཁྲོན་སློབ་ཆེན། ཀོང་ཀྲིག་ནང་བསྟན་སློབ་གླིང་། ནང་སོག་དགེ་འོས་སློབ་ཆེན།  བོད་ལྗོངས་སློབ་ཆེན།  ཀོས་ཀྲིག་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་སོགས་སློབ་ཆེན་༢༣དང་ཞིབ་འཇུག་ལས་ཁུངས་ཀྱི་སློབ་མ་༥༠ལྷག་ཞུགས་ཡོད།  

སྤྱི་ཟླ༨པའི་ཚེས༣ཉིན་གྱི་སྔ་དྲོར།མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཡིག་གཞོན་པ་སྟག་འབུམ་རྒྱལ་གྱིས་ཐེངས་འདིའི་འཛིན་གྲྭ་འཚོགས་པའི་མཛད་སྒོར་མགོ་འཛིན་མཛད། པཎ་ཆེན་ཚད་མའི་སློབ་གླིང་གི་སློབ་གཙོ་སྒར་བ་ངག་དབང་བཟང་པོས་ཤིས་ཚིག་ཕུལ་བ་དང་འབྲེལ་ནས་པཎ་ཆེན་ཚད་མའི་སློབ་གླིང་གིས་ཟབ་སྦྱོང་འཛིན་གྲྭ་སྒྲུབ་པའི་ཁ་ཕྱོགས་དང་དམིགས་ཡུལལ་སྐོར་ནས་གསུང་བཤད་གནང་བ་དང་། ཀྲུང་གོ་གཏན་ཚིགས་རིག་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲོན་ཀྲིན་གྱིས་རྒྱལ་ཡོངས་ཚད་མ་རིག་པའི་འཕེལ་རྒྱས་དང་རྒྱུན་འཛིན་དར་སྤེལ་ཐད་ཀྱི་གསུང་བཤད་གལ་ཆེན་གནང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཚད་མ་རིག་པའི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བློ་བཟང་ཆོས་གྲགས་ཀྱིས་རྒྱ་བོད་ཚད་མའི་ཡིག་བསྒྱུར་སྐོར་གྱི་གཏམ་བཤད་གནང་། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཡིག་གཞོན་པ་དཀོན་མཆོག་རྒྱ་མཚོས་ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭའི་ཁྲིད་གཞི་ངོ་སྤྲོད་གནང་བ།  པཎ་ཆེན་ཚད་མའི་སློབ་གླིང་དུ༢༠༡༤ལོའི་ཟླ་༨པར་རྒྱལ་ཡོངས་སྐབས་བཅུ་བའི་ཚད་མ་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་ཤིང་། ཚོགས་འདུའི་སྟེང་པཎ་ཆེན་ཚད་མའི་སློབ་གླིང་ལ་ཀྲུང་གོ་གཏན་ཚིགས་རིག་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་གསོ་སྦྱོང་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ་ནས་བཟུང་། ཚད་མ་རིག་པའི་རྗེས་སྐྱོང་ཤེས་ལྡན་མི་སྣའི་ཟབ་སྦྱོང་འཛིན་གྲྭ་སྔ་རྗེས་སུ་ཐེངས་ལྔར་བསྒྲུབས་པ་སོགས་རྒྱལ་ཡོངས་ཚད་མ་རིག་པའི་ཐད་ལ་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་བཏོན་དང་འདོན་བཞིན་པ་ཡིན་ནོ། ། 

图片3.png

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ། པཎ་ཆེན་ཚད་མའི་སློབ་གླིང་གི་སློབ་གཙོ་སྒར་བ་ངག་དབང་བཟང་པོས་རྒྱལ་ཡོངས་ཚད་མ་རིག་པའི་ཟབ་སྦྱོང་འཛིན་གྲྭ་སྐབས་བརྒྱད་པ་ཚོགས་པར་ཤིས་ཚིག་འབུལ་བཞིན་པ།

ཀྲུང་གོ་གཏན་ཚིགས་རིག་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲོན་ཀྲིན་གྱིས་ཟབ་སྦྱོང་འཛིན་གྲྭར་འགོ་རྩོམ་ཚོགས་འདུའི་སྟེང་གཏམ་བཤད་གནང་བཞིན་པ།

图片5.png

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ།མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཚད་མ་རིག་པའི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བློ་བཟང་ཆོས་གྲགས་ཀྱིས་སློབ་ཁྲིད་གནང་བཞིན་པ། 

ཀྲུང་གོ་གཏན་ཚིགས་རིག་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲོན་ཀྲིན་གྱིས་སློབ་ཁྲིད་གནང་བཞིན་པ།

ཀྲུང་གོ་གཏན་ཚིགས་རིག་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ། པཎ་ཆེན་ཚད་མའི་སློབ་གླིང་གི་སློབ་གཙོ་སྒར་བ་ངག་དབང་བཟང་པོས་སློབ་ཁྲིད་གནང་བཞིན་པ།

图片8.png

ཧྭ་ཏུང་དགེ་འོས་སློབ་ཆེན་གྱི་རབ་འབྱམས་པའི་མཛུབ་སྟོན་དགེ་རྒན། གཏན་ཚིགས་རིག་པའི་ཆེད་མཁས་པ་ཡོ་ནན་ཆིང་གིས་སློབ་ཁྲིད་གནང་བཞིན་པ།

པཎ་ཆེན་ཚད་མའི་སློབ་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་གནས་བརྟན་རྒྱ་མཚོས་སློབ་ཁྲིད་གནང་བཞིན་པ། 

  ཀྲུང་གོ་གཏན་ཚིགས་རིག་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་ཧང་ཀྲིག་ནང་བསྟན་སློབ་གླིང་གི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཧྭེ་ཀོན་གྱིས་སློབ་ཁྲིད་གནང་བཞིན་པ།

图片11.png

ཀྲུང་གོ་གཏན་ཚིགས་རིག་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ལས་འཛིན་དང་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་དཀོན་མཆོག་རྒྱ་མཚོས་སློབ་ཁྲིད་གནང་བཞིན་པ།

         བསྡུས་གྲྭ་འཛིན་གྲྭའི་སློབ་མ་རྣམས་ཀྱིས་རིགས་ལམ་འགྲོ་སྟངས་སྐོར་ནས་གཤར་སྦྱོང་བྱེད་བཞིན་པ།

e07eea20e6ef99b3aa919016d671705.jpg     རྟགས་རིགས་འཛིན་གྲྭའི་སློབ་མ་རྣམས་ཀྱིས་རྒྱའི་སྐད་ཀྱིས་བགྲོ་གླེང་བྱེད་བཞིན་པ།

  རྟགས་རིགས་འཛིན་གྲྭའི་བོད་ཀྱི་སློབ་མ་རྣམས་ཀྱིས་སློབ་སྦྱོང་བྱེད་བཞིན་པ།

 ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭ་ལ་བསྡུས་གྲྭའི་འཛིན་གྲྭ་གཅིག་དང་། རྒྱ་བོད་ཀྱི་སྐད་གཉིས་ཀྱི་ལམ་ནས་ཁྲིད་པའི་རྟགས་རིགས་འཛིན་གྲྭ་གཉིས་བཅས་འཛིན་གྲྭ་གསུམ་དུ་ཕྱེ་ནས་སློབ་ཁྲིད་གནང་། སློབ་གླིང་གི་དགེ་རྒན་རྣམས་ཀྱིས་བོད་བརྒྱུད་ཚད་མ་རིག་པའི་བསྡུས་གྲྭ་དང་དེའི་རིགས་ལམ་གྱི་རྣམ་བཞག   རྟགས་རིགས་ཀྱི་སློབ་ཁྲིད་བྱས་པ་དང་།   དགེ་རྒན་ཆེན་མོ་བློ་བཟང་ཆོས་གྲགས་དང་། ཧྲོན་ཀྲིན། ཡོ་ནན་ཆིང་། ཧྭེ་ཀོན་སོགས་ཀྱིས་བོད་རྒྱ་ཚད་མ་རིག་པའི་ཁྱད་པར་དང་། གནའ་བོའི་རྒྱ་གར་གྱི་ཚད་མ་རིག་པ། དེ་མིན་རྒྱ་བརྒྱུད་ཚད་མ་རིག་པའི་ནང་དོན་དང་འབྲེལ་བའི་ཐད་ནས་སློབ་ཁྲིད་གནང་།  བོད་ཀྱི་ཚད་མ་རིག་པའི་སློབ་སྦྱོང་བྱེད་སྟངས་བེད་སྤྱད་དེ་པཎ་ཆེན་ཚད་མའི་སློབ་གླིང་གི་དགེ་རྒན་རྣམས་ཀྱིས་མཛུབ་ཁྲིད་ལ་བརྟེན་ནས་ཟབ་སྦྱོང་ལ་ཞུགས་མཁན་གྱི་སློབ་མ་རྣམས་ཀྱིས་ཚད་མ་རིག་པའི་བསམ་གཞིགས་བྱེད་སྟངས་དང་། རྒྱ་སྐད་ཀྱི་ལམ་ནས་རྟགས་གསལ་འཕེན་པ་སོགས་ཐད་ནས་སྦྱངས་འབྲས་མི་དམན་པ་ཐོབ།    ཐེངས་འདིའི་ཟབ་སྦྱོང་བརྒྱུད་ནས་སློབ་མ་རྣམས་ཀྱིས་རྒྱ་བོད་ཚད་མ་དང་རིག་གཞུང་ལ་ཞིབ་འཇུག་བྱེད་སྟངས་ཆ་ནས་བག་ཆགས་ཟབ་མོ་བཞག་ཅིང་། རྒྱ་བོད་ཚད་མ་རིག་པའི་རིག་གཞུང་རྒྱུད་འཛིན་ཐད་ལའང་རྨང་གཞི་བརྟན་པོ་ཞིག་བཏིང་བ་ཡིན། 


图片15.png           དགེ་སློབ་རྣམས་པཎ་ཆེན་སྐུ་ཕྲེང་བཅུ་པའི་འཁྲུངས་གཞིས་སུ་རྟོག་ཞིབ་ལ་སོང་བ། 

图片16.png   རྟགས་གསལ་གཏོང་བཞིན་པ།

     སློབ་མ་རྣམས་ལ་ཟབ་སྦྱོང་འཛིན་གྲྭ་མཐར་ཕྱིན་པའི་འཛིན་རྟགས་གནང་བཞིན་པ།

དགེ་སློབ་ལྷན་རྒྱས་ཀྱི་མཉམ་པར།

 ཚེས༨ཉིན་གྱི་ཕྱི་དྲོར། སློབ་མ་རྣམས་སྔ་རྒོལ་དང་ཕྱི་རྒོལ་བྱས་ནས་བསྡུས་གྲྭའི་རིགས་ལམ་ལྟར་རྩོད་པ་བྱེད་པའི་བྱ་འགུལ་སྤེལ། དེ་ནས་སློབ་མཇུག་སྒྲིལ་བའི་མཛད་སྒོར་ཆིན་ཧྭ་སློབ་ཆེན་གྱི་དགེ་རྒན་ལིན་ཧྲི་ཅེ་ཡིས་མགོ་འཛིན་མཛད་ཅིང་། ནང་སོག་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པ་སི་རི་གོ་ལིང་དང་། ནན་ཅིན་སློབ་ཆེན་གྱི་སློབ་མ་ལོ་ཧྭེ་མིང་གིས་སློབ་མ་ཡོངས་ཀྱི་ཚབ་བྱས་ཏེ་ཐེངས་འདིའི་སློབ་སྦྱོང་གི་གྲུབ་འབྲས་དང་མྱོར་ཚོར་ཡར་ཞུ་བྱས།  པཎ་ཆེན་ཚད་མའི་སློབ་གླིང་གི་སློབ་གཙོ་སྒར་བ་ངག་དབང་བཟང་པོས་ཚད་མ་རིག་པ་འདི་ཉིད་དུས་རབས་ཀྱི་འགྲོས་དང་མཐུན་པའི་འཕེལ་རྒྱས་སུ་གཏོང་དགོས་པ་དང་། ཚད་མའི་རིགས་ལམ་ལ་བརྟེན་ནས་ཀྲུང་ཧྭ་སྲོལ་རྒྱུན་གྱི་གཞུང་ཆེན་ལྔ་སྟེ་མི་ཚེའི་ལྟ་བའི་མི་ཆོས་རིག་པའི་གཞུང་ལུགས་དང་བདེ་ཐང་ལྟ་བའི་གསོ་བ་རིག་པའི་གཞུང་ལུགས། ལོ་རྒྱུས་ལྟ་བའི་ལོ་རྒྱུས་རིག་པའི་གཞུང་ལུགས། མཚན་ཉིད་རིག་པའི་ལྟ་བའི་མཚན་ཉིད་རིག་པའི་གཞུང་ལུགས། འཇིག་རྟེན་ལྟ་བའི་འཇིག་རྟེན་གྲུབ་ཚུལ་གྱི་གཞུང་ལུགས་བཅས་ཀྱི་རིག་ཚན་མ་ལག་འཕེལ་རྒྱས་སུ་གཏོང་དགོས་པ་དང་། ཡང་དག་པའི་གཞུང་ལུགས་མ་ལག་འདི་དག་གིས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་ལ་ནུས་པ་ཆེན་པོ་ཐོན་ཡོད། དུས་ཀྱི་འགྱུར་བ་དང་བསྟུན་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་སྣེ་ཁྲིད་དེ། བོད་རིག་པའི་གཞུང་ཆེན་ལྔའི་རིག་ཚན་མ་ལག་རྣམས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཉམ་བསྲེས་ཀྱི་གཞུང་ལུགས་དང་དགོངས་པ་བཅས་མར་ཁེ་སིའི་རིག་པའི་གཞུང་ལུགས་དང་ཟུང་དུ་སྦྲེལ་བའི་མར་ཁེ་སིའི་རིག་པའི་གཞུང་ལུགས་དང་དེང་རབས་ཚན་རིག་གཞུང་ལུགས་ཀྱིས་དུས་རབས་གསར་བའི་མི་རྣམས་ཀྱི་རང་ཉིད་འཕེལ་རྒྱས་དང་རང་ཉིད་གསར་བརྗེའི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་། མི་རིགས་སོ་སོའི་བར་གྱི་རིག་གནས་བརྗེ་རེས་དང་འབྲེལ་འདྲིས། མཉམ་འདྲེས་ཡོང་བ་བཅས་ལ་བྱས་རྗེས་གལ་ཆེན་འཇོག་ཐུབ་པའི་སྐོར་ནས་གཏམ་བཤད་གནང་།

ཧང་ཀྲིག་ནང་བསྟན་སློབ་གླིང་གི་བཙུན་པ་ཧྭེ་ཀོན་གྱིས་ཀྲུང་གོ་གཏན་ཚིགས་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་སྐབས་འདིའི་ཚད་མའི་ཟབ་སྦྱོང་འཛིན་གྲྭའི་འགན་སྒྲུབ་ལས་ཁུངས་ཏེ་པཎ་ཆེན་ཚད་མའི་སློབ་གླིང་ལ་བཀའ་དྲིན་ཞུས་པ་མ་ཟད།མཇུག་བསྡུས་པའི་གསུང་བཤད་གནང་། དེ་ནས་སྒར་བ་ངག་དབང་བཟང་པོ་དང་ཧྭེ་ཀོན་རྣམ་གཉིས་ཀྱིས་སློབ་གྲོགས་ཡོངས་ལ་སློབ་མཇུག་སྒྲིལ་བའི་འཛིན་རྟགས་ཕུལ་ཏེ་དགེ་སློབ་ལྷན་རྒྱས་མཉམ་པར་བླངས་པ་དང་བཅས་པའི་གཟབ་རྒྱས་ངང་ཐེངས་འདིའི་ཟབ་སྦྱོང་ལེགས་པར་གྲུབ་པ་ཡིན། ཐེངས་འདིའི་ཟབ་སྦྱོང་བརྒྱུད་ནས་ཚད་མ་རིག་པ་འདི་ཉིད་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་ཁག་དང་། རྒྱ་བོད་སོག་གསུམ་གྱི་མཚོན་པའི་མི་རིགས་སོ་སོ། སྤྱི་ཚོགས་ལས་རིགས་ཀྱི་དབྱེ་བ་མེད་པར་དར་སྤེལ་དུ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་།  སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་འབྱུང་བར་ནུས་པ་འདོན་དགོས་པ་མ་ཟད། མི་དམངས་འབྱོར་ཕྱུག་དང་སྤྱི་ཚོགས་འཆམ་མཐུན། འཛམ་གླིང་ཞི་བདེ་བཅས་ཀྱི་ཐད་ལའང་བྱས་རྗེས་འཇོག་པར་ནུས་པ་གང་ལེགས་འདོན་དགོས་པ་ཡིན་ནོ།།


བརྒྱུད་འགོད།
0