མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚད་མ་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་བདུན་པ།

སྤེལ་དུས།  2023-10-19   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  དཀོན་མཆོག་རྒྱ་མཚོ།   ཀློག་གྲངས།  

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་སྐབས་བརྗེའི་ཚོགས་འདུ་དང་ཚད་མ་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་བདུན་པ།

图片 1.png

2023ལོའི་ཟླ་10ཚེས་15ཉིན།མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་སྐབས་བརྗེའི་ཚོགས་འདུ་དང་ཚད་མ་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་བདུན་པ་ཟི་ལིང་ཙོང་ཁ་དགོན་དུ་གཟབ་རྒྱས་ངང་འཚོགས།ཐེངས་འདིའི་ཚོགས་འདུ་ལ་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧྲིན་ཡོན་ཚེ་དང་།མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཀླུ་རྒྱལ་ཚེ་རིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་སྒྲིལ་པུའུ་བོད་ཀྱི་ནང་ཆོས་ཉམས་ཞིབ་ལྟེ་གནས་ཀྱི་དཔལ་ལྡན་བསྟན་འཛིན། ཟི་ལིང་གྲོང་ཁྱེར་མཁར་དབུས་ས་ཁུལ་བཅས་ཀྱི་འབྲེལ་འགན་ཁུར་མི་སྣ་དང་།མཚོ་སྔོན་མི་རིགས་སློབ་ཆེན་དང་།མཚོ་སྔོན་དགེ་ཐོན་སློབ་ཆེན།མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོ། དྷཱི་ཚ་བཀྲ་ཤིས་ཆོས་སྡིངས།པུས་མདོ་དགོན་ཆེན།པཎ་ཆེན་ཚད་མའི་སློབ་གླིང་སོགས་ཀྱི་དགེ་རྒན་ཆེན་མོ་དང་།མཁན་པོ།དགེ་བཤེས།གཞི་རིམ་གྱི་མི་རིགས་སློབ་འབྲིང་ཁག་གི་དགེ་རྒན་སོགས་བསྡོམས་པའི་དྲུག་ཅུ་ལྷག་ཐེངས་འདིའི་ཚོགས་འདུར་ཞུགས་ཡོད།

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཟླ་བས་ཚོགས་འདུའི་འགོ་འཛིན་གནང་།ཚོགས་གཙོ་སྒར་བ་ངག་དབང་བཟང་བོ་མཆོག་གིས་ཚོགས་འདུར་ཤིས་ཚིག་ཕུལ་བ་དང་།མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་དཀོན་མཆོག་རྒྱ་མཚོ་དང་སྟག་འབུམ་རྒྱལ་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་སྐབས་དང་པོའི་བྱ་བའི་སྙན་ཞུ་དང་ནོར་དོན་གྱི་སྙན་ཞུ་ཕུལ་བ།མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧྲིན་ཡོན་ཚེས་གཏམ་བཤད་གནང་།མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀླུ་རྒྱལ་ཚེ་རིང་གིས་སྐབས་བརྗེའི་ཆོག་མཆན་ཡི་གེ་བསྒྲགས་པ། དེ་ནས་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་སྐབས་བརྗེའི་ཚོགས་འདུ་དང་ཚད་མ་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སོགས་བསྡུས།

མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧྲིན་ཡོན་ཚེས་གཏམ་བཤད་གནང་བ།

མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧྲིན་ཡོན་ཚེས་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་སྐབས་དང་པོའི་བྱ་བའི་གྲུབ་འབྲས་ལ་གདེང་འཇོག་དང་། ཚད་མ་རིག་པའི་གལ་ཆེན་རང་བཞིན་དང་། དུས་ཀྱི་འགྲོས་དང་ཆབ་སྲིད་ལམ་ཕྱོགས་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་ལམ་ལ་སྙེག་པ།  མ་འོངས་པའི་བྱ་བར་མཛུབ་སྟོན་སྐོར་གྱི་གཏམ་བཤད་གལ་ཆེན་གནང་།

图片 3.png

མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀླུ་རྒྱལ་ཚེ་རིང་གིས་སྐབས་བརྗེའི་ཆོག་མཆན་ཡི་གེ་བསྒྲགས་པ།

图片 4.png    མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ།མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཟླ་བས་ཚོགས་འདུའི་འགོ་འཛིན་གནང་།

      མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་བོ་མཆོག་གིས་ཤིས་ཚིག་ཕུལ་བ།

图片 7.png

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་དཀོན་མཆོག་རྒྱ་མཚོས་ཚད་རིག་ལྷན་ཚོགས་ཀྱི་སྐབས་དང་པོའི་བྱ་བའི་སྙན་ཞུ་ཕུལ་བ།

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་སྐབས་དང་པོའི་སྐབས་སུ་བསྒྲུབས་པའི་བྱ་བའི་སྙན་ཞུ་ལ།༡མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུའི་སྐོར།༢ རྒྱལ་ཡོངས་ཚད་མ་རིག་པའི་ཟབ་སྦྱོང་འཛིན་གྲྭ་བསྡུས་པའི་སྐོར། ༣ ཚད་མ་རིག་པ་གཙོ་བྱས་པའི་རིག་གཞུང་འཆད་ཁྲིད་ཀྱི་སྐོར། ༤ རྒྱལ་ཡོངས་ཀྱི་ཚད་མ་རིག་པའི་རིག་གཞུང་བགྲོ་གླེང་ལ་ཟབ་ཞུགས་གནང་བའི་སྐོར། ༥ ཚད་མ་རིག་པའི་དཔེ་རྙིང་འཚོལ་སྒྲིག་བྱས་པའི་སྐོར།༦ མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་ཚད་མ་རིག་པ་རྒྱུན་འཛིན་གྱི་གྲོས་གཞིའི་སྐོར།༧  མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ཁུལ་སོ་སོའི་སློབ་གྲྭར་ཡུལ་དངོས་རྟོགས་དཔྱོད་ཀྱི་སྐོར།༨ མཚོ་སྔོན་ཚད་རིག་ལྷན་ཚོགས་ཀྱི་དྲ་བ་དང་དྲ་ཚུགས་མང་བོར་ཁྱབ་བསྒྲགས་ཀྱི་སྐོར།༩ ཚད་རིག་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་གྲོས་ཚོགས་ཀྱི་སྐོར།༡༠  ཝུའུ་ཧན་གྱི་ནད་ཡམས་སྔོན་འགོག་སོགས་སྤྱི་ཕན་ཞལ་འདེབས་ཕུལ་བའི་སྐོར།༡༡  རྒྱལ་ནང་སློབ་ཆེན་དང་ཞིབ་འཇུག་སྡེ་ཁག་ལ་རིག་གཞུང་བརྗེ་རེས་བྱས་པའི་སྐོར། ༡༢ མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་མིའི་ཚད་མའི་བརྩམས་ཆོས་ཀྱི་གྲུབ་འབྲས་བཅས་སྐོར་བཅུ་ནས་སྤྱི་སྡོམ་དང་སྙན་ཞུ་བྱས།

图片 6.png

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་སྟག་འབུམ་རྒྱལ་གྱིས་ཚད་རིག་ལྷན་ཚོགས་ཀྱི་སྐབས་དང་པོའི་ནོར་དོན་འགྲོ་གྲོན་གྱི་སྙན་ཞུ་ཕུལ་བ།

图片 8.png

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་མགོན་པོ་ཚེ་རིང་གིས་སྐབས་བརྗེའི་ཚོགས་འདུའི་འགོ་འཛིན་གནང་།

图片 9.png

ཚོགས་འདུའི་ཡུལ་དངོས།

图片 10.pngམཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱིས་《གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས་ཞེས་པའི་གཞུང་དོན་བཀྲལ་ཚུལ་ལ་གསར་དུ་བརྟག་པ》ཞེས་པའི་བརྗོད་གཞི་ལས་བགྲོ་གླེང་གནང་བ།

图片 11.png

མཚོ་སྔོན་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་ངག་དབང་བཤད་སྒྲུབ་ཀྱིས་《རང་བཞིན་རྟགས་ཡང་དག་ལ་ཅུང་ཟད་དཔྱད་པ་བློ་གསར་མགུ་བའི་གཏམ》ཞེས་པའི་བརྗོད་གཞི་ལས་བགྲོ་གླེང་གནང་བ།

图片 12.png

མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཕག་མོ་ཚེ་བརྟན་གྱིས་《ཚད་མ་ཡིད་ཀྱི་མུན་སེལ་ལས་བྱུང་བའི་རྔོག་བློ་ལྡན་ཤེས་རབ་ཀྱི་ཚད་མའི་དགོངས་པའི་དགག་པའི་སྐོར་ལ་དཔྱད་པ》ཞེས་པའི་བརྗོད་གཞི་ལས་བགྲོ་གླེང་གནང་།

图片 13.pngས་སྐྱ་མཐོ་རིམ་ནང་བསྟན་སློབ་གླིང་གི་ཐུབ་བསྟན་རྣམ་རྒྱལ་གྱིས་《རང་བཞིན་གྱི་རྟགས་སྤྱིའི་རྣམ་གཞག་གསལ་བར་སྟོན་པའི་ལེགས་བཤད་དགའ་སྟོན》ཞེས་པའི་བརྗོད་གཞི་ལས་བགྲོ་གླེང་གནང་།


图片 14.png

པཎ་ཆེན་ཚད་མའི་སློབ་གླིང་གི་བྱང་ཆུབ་རྒྱ་མཚོས་《རང་བཞིན་གྱི་རྟགས་ཡང་དག་གི་དཔྱད་པ》ཞེས་པའི་བརྗོད་གཞི་ལས་བགྲོ་གླེང་གནང་བ།

图片 15.png

ཚོ་ཆུང་དང་པོའི་བགྲོ་གླེང་།

图片 16.png

ཚོ་ཆུང་གཉིས་པའི་བགྲོ་གླེང་།

微信图片_20231019002015.jpgབགྲོ་གླེང་བྱེད་བཞིན་པ།

微信图片_20231019002038.jpgབགྲོ་གླེང་བྱེད་བཞིན་པ།

图片 17.png

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དགེ་རྒན་ཆེན་མོ་ལྷུན་འགྲུབ་རྡོ་རྗེས་ཚོ་ཆུང་བགྲོ་གླེང་གི་གནས་ཚུལ་སྤྱི་སྡོམ་གནང་བ།

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ནི་སྤྱི་ལོ༢༠༡༦ལོའི་ཟླ༡༡པར་དབུ་བརྙེས་པ་དང་། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་སྐབས་དང་པོའི་རིང་ལ་ཚད་མ་རིག་པ་འདི་ཉིད་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐད་ནས། སྔ་གཞུག་ཏུ་ཚད་མ་རིག་པའི་སློབ་དེབ་རྩོམ་སྒྲིག་དང་རྒྱལ་ཡོངས་ཚད་མ་རིག་པའི་ཟབ་སྦྱོང་འཛིན་གྲྭ་བསྒྲུབས་པ། ཚད་མའི་དཔྱད་རྩོམ་བསྡུ་སྒྲིག།  རིག་གཞུང་འཆད་ཁྲིད། བསམ་བློ་བརྗེ་རེས་དང་རིག་གཞུང་བགྲོ་གླེང་སོགས་ཀྱི་མཚོན་པའི་བྱ་བ་རབས་དང་རིམ་པ་བསྒྲུབ་སྟེ། ཚད་མ་རིག་པ་རྒྱུན་འཛིན་དང་དར་སྤེལ་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་ཡོད་པས། འབྲེལ་ཡོད་འགོ་ཁྲིད་དང་སྤྱི་ཚོགས་རིག་གཞུང་སྡེ་ཁག་གིས་གདེངས་འཇོག་གང་ལེགས་ཐོབ་ཡོད།

ཚད་མ་རིག་པའིགཞུང་ལུགས་འདི་ཉིད་ད་ལྟའི་དངོས་ཡོད་སྤྱི་ཚོགས་དང་མ་འོངས་པའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཁ་ཕྱོགས་ཏེ། དུས་རབས་ཀྱི་འགྲོས་དང་མཐུན་པའི་སྒོ་ནས་དེང་གི་སྤྱི་ཚོགས་ལ་ཕན་ནུས་ལྡན་པའི་རིག་པའི་གཞུང་ལུགས་ཤིག་ཏུ་འགྱུར་རྒྱུ་ནི་ཆེས་གལ་ཆེ་བའི་གནད་དོན་ཞིག་ཏུ་གྱུར་ཡོད་པས།རྒྱལ་ཁབ་ཀྱི་རིག་གནས་དཔལ་འབྱོར་ཡར་རྒྱས་དང་སྤྱི་ཚོགས་ཀྱི་མི་གཤིས་གོ་རྟོགས་མཐོར་འདེགས་གཏོང་བ་སོགས་ཀྱི་ཐད་ལ་ཚད་མ་རིག་པས་ནུས་པ་གང་ལེགས་འདོན་དགོས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ལ་བརྟེན་ནས། ཚད་མ་རིག་པ་འདི་ཉིད་རྒྱུན་འཛིན་དར་སྤེལ་སྒོས་ཤར་ཕྱོགས་གཏན་ཚིགས་རིག་པའི་མཚན་རྟགས་གྲགས་ཅན་ཞིག་ཏུ་བསྐྲུན་དགོས་པ་མ་ཟད།སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་སྣེ་ཁྲིད་དེ།ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་དགོས་པ་ལྟར། མར་ཁེ་སི་རིག་པའི་གཞུང་ལུགས་ཀྱི་མ་རྩའི་རྣམ་བཤད་དང་ཐུན་མོང་འབྱོར་ཕྱུག ལོ་རྒྱུས་དངོས་གཙོ་རིང་ལུགས། རྩོད་སྒྲུབ་དངོས་གཙོ་རིང་ལུགས། དངོས་གཙོ་འཇིག་རྟེན་བྱེད་པོ་ལྷ་མེད་སྨྲ་བའི་ལྟ་བ་བཅས་དང་ཀྲུང་ཧྭ་མི་རིགས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་བོད་རིག་པའི་གཞུང་ཆེན་ལྔ་སྟེ་མི་ཆོས་རིག་པ་དང་བདེ་ཐང་རིག་པ། ལོ་རྒྱུས་རིག་པ། མཚན་ཉིད་རིག་པ། འཇིག་རྟེན་གྲུབ་ཚུལ་རིག་པ་བཅས་རིག་གཞུང་འདི་དག་སོ་སོར་ཞིབ་བསྡུར་དང་ཞིབ་འཇུག མཉམ་བསྲེས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཆ་མཉམ་འཕེལ་རྒྱས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་འབྱུང་བར་ཚད་མ་རིག་པའི་ནུས་ཤུགས་ཆེན་པོ་འདོན་དགོས།

བརྒྱུད་འགོད།
0