དངོས་པོ་བཤད་པ།

སྤེལ་དུས།  2017-12-17   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  རྗེ་དམུ་དགེ་བསམ་གཏན།   ཀློག་གྲངས།  

དངོས་པོ་བཤད་པ།

释事物

དངོས་པོའི་མཚན་ཉིད་ནི། དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་ཡིན་ཏེ། དོན་

བྱེད་པའི་ནུས་པ་ཡོད་ཚད་དངོས་པོ་ཡིན་པའི་ཕྱིར།

事物之定义者,有作用义是事物之定义,一切有作用义者皆是事物故。

དངོས་པོ་ལ་དབྱེ་ན། གཟུགས། ཤེས་པ། ལྡན་མིན་འདུ་བྱེད་གསུམ་ཡོད།

事物分为色、心、不相应行法三类。

དང་བོ་གཟུགས་ལ་མཚན་ཉིད་དང་། དབྱེ་བ་གཉིས།  དང་བོ་ནི།  གཟུགས་སུ་རུང་བ་གཟུགས་ཀྱི་མཚན་ཉིད།  མཚན་གཞི་ནི།  བུམ་པ་དང་།  སྒྲ་ལྟ་བུ།  གཟུགས་དང་བེམ་པོ་དོན་གཅིག

初、色中分二;定义与差别。色之定义者,堪为色[1]是色之定义。事例如:瓶、声等。色与物质同义。

གཟུགས་ཀྱི་མཚན་ཉིད་ཀྱི་སྒྲ་བཤད་ནི། འབྱུང་བ་དང་འབྱུང་འགྱུར་གྱི་དངོས་པོ་ནང་ཕན་ཚུན་གཅིག་གིས་གཅིག་ལ་རེག་ཅིང་གཟུགས་ནས་གནོད་བྱར་རུང་བས།  གཟུགས་སུ་རུང་བ་ཞེས་བརྗོད་དོ།  །

释色之定义者,大种与大种所造之事物彼此触碍,色又互相违害,故称变碍。

དུ་མ་སྤུང་བའི་གཟུགས་སུ་རུང་བ། གཟུགས་ཀྱི་ཕུང་བོའི་མཚན་ཉིད།  གཟུགས་དང་།

གཟུགས་ཀྱི་ཕུང་བོ་དོན་གཅིགམཚན་གཞི་ནི། རྡུལ་ཕྲ་རབ་དང་། བུམ་པ་ལྟ་བུ། སྒྲ་བཤད་ནི་གོང་དང་འདྲ། རྡུལ་དུ་གྲུབ་པ་བེམ་པོའི་མཚན་ཉིད།

众多聚集,变碍之法是色蕴定义,色与色蕴同义。事例如:极微与瓶。释名如上[2]。微聚所成是物质定义。

མཚན་གཞི་ནི།  བུམ་པ་དང་།  རྡུ་ཕྲ་རབ་ལྟ་བུ།  རྡུལ་ཕྲ་རབ་ཆོས་ཅན། རྡུལ་དུ་གྲུབ་པ་ཡིན་ཏེ་རྡུལ་རྫས་ཡིན་པའི་ཕྱིར།  དེས་ན།  རྡུལ་དུ་གྲུབ་པ་ཞེས་པ་ནི།  རང་ཉིད་རྡུལ་རྫས་ཡིན་པ་ལ་བྱེད་རྒྱུ་ཡིན་ནོ།  །

事例如:瓶与极微。极微有法,是尘所成,是尘质故。因此,说为尘所成者,是作自体尘质之能作因。



[1] 俱舍论云:“变碍是色之定义。”

[2]大种与大种所造之事物彼此触碍,色又互相违害,故称变碍。

ཡིག་བསྒྱུར་བ ། ཐོགས་མེད།  དཀོན་མཆོག་རྒྱ་མཚོ།

རྩོམ་སྒྲིག་པ། དཔལ་ལྡན་རྡོ་རྗེ། 


བརྒྱུད་འགོད།
0