ནང་གི་གཟུགས་བཤད་པ།

སྤེལ་དུས།  2017-12-17   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  རྗེ་དམུ་དགེ་བསམ་གཏན།   ཀློག་གྲངས།  

ནང་གི་གཟུགས་བཤད་པ།

释内色

གཟུགས་ལ་དབྱེ་ན། ནང་གི་གཟུགས་དང་། ཕྱིའི་གཟུགས་གཉིས།

色中分二;内色与外色。

ནང་གི་གཟུགས་བཤད་པ། ནང་གི་གཟུགས་ལ་ལྔ་ཡོད་དེ།  མིག་གི་དབང་བོ།  རྣ་བའི་དབང་བོ།  སྣའི་དབང་བོ།  ལྕེའི་དབང་བོ།  ལུས་ཀྱི་དབང་བོ་དང་ལྔ་ཡོད་པའི་ཕྱིར།  

释内色中,内色分五,眼根、耳根、鼻根、舌根、身根。

མིག་གི་དབང་བོ་ནི། རང་འབྲས་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དྭངས་པ་དེ།  མིག་དབང་གི་མཚན་ཉིད།  མིག་དང་།  མིག་དབང་དང་།  མིག་གི་སྐྱེ་མཆེད་དང་།  མིག་གི་ཁམས་བཞི་དོན་གཅིག

眼根者,作自果眼识不共增上缘之类处内净色是眼根定义。眼、眼根、眼处、眼界皆是同义。

མཚན་གཞི་ནི། མིག་གི་དབང་རྟེན་གྱི་གོ་སར་དབྱིབས་ཟར་མའི་མེ་ཏོག་ལྟར་ཆགས་པའི་གཟུགས་དྭངས་པ་དེའོ། །  

事例如:眼根所依,如胡麻花形之净色。

དེ་ལ་དབྱེ་ན། བརྟེན་བཅས་ཀྱི་མིག་དབང་དང་། དེ་མཚུངས་ཀྱི་མིག་དབང་གཉིས་ཡོད། རང་འབྲས་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་མིག་དབང་དེ།  བརྟེན་བཅས་ཀྱི་མིག་དབང་གི་མཚན་ཉིད།  མཚན་གཞི་ནི།  མིག་ཤེས་ཀྱིས་གཟུགས་ལ་བལྟ་བཞིན་པའི་སྐབས་ཀྱི་མིག་དབང་ལྟ་བུ།  

其中若分有二,谓有依眼根与似依眼根。作自果眼识不共增上缘之眼根是有依眼根之定义,事例如:眼识正见色时之眼根。

རང་འབྲས་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མི་བྱེད་པའི་མིག་དབང་དེ། དེ་མཚུངས་ཀྱི་མིག་དབང་གི་མཚན་ཉིད། མཚན་གཞི་ནི། གཉིད་ལོག་པའི་གནས་སྐབས་ཀྱི་མིག་དབང་ལྟ་བུ།

未作自果眼识不共增上缘之眼根是似眼根之定义,事例如:眠时之眼根。

གཟུགས་ལ་བལྟ་བཞིན་པའི་སྐབས་ཀྱི་མིག་དབང་ནི་རང་ལ་བརྟེན་པའི་མིག་ཤེས་དང་བཅས་པའི་མིག་དབང་ཡིན་པས། བརྟེན་བཅས་ཀྱི་མིག་དབང་ཞེས་བརྗོད་ལ།

正见色时之眼根者,彼自身是具有能依眼识之眼根,故称作有依眼根。

གཉིད་ལོག་པའི་སྐབས་ཀྱི་མིག་དབང་ནི། རང་ལ་བརྟེན་པའི་མིག་ཤེས་དང་བཅས་པའི་མིག་དབང་མིན་ཏེ། གཉིད་ལོག་པའི་སྐབས་སུ་མིག་ཤེས་མེད་པའི་ཕྱིར། འོན་ཀྱང་། རང་ལ་བརྟེན་པའི་མིག་ཤེས་ཡོད་པའི་མིག་དབང་དང་། མིག་དབང་ཡིན་པ་རིགས་མཚུངས་པའི་རྒྱུ་མཚན་གྱིས། དེ་མཚུངས་ཀྱི་མིག་དབང་ཞེས་བརྗོད་དོ།  །  

眠时眼根,彼自身是不具能依眼识之眼根,谓睡眠时中无眼识故。然而,彼自身有依眼识之眼根,是属于同类眼根之故,称彼为似眼根。

མིག་དང་མིག་དབང་དོན་གཅིག་ཡིན་པ་བཞིན་དུ། ལུས་དང་ལུས་དབང་གི་བར་འདྲ་བ་ཡིན་ཞིང་།

眼与眼根是同义,如是乃至身与身根皆同。

མིག་དབང་སོགས་ནི་ཡིད་ཤེས་ཁོ་ནས་བཟུང་བ་ལས། དབང་ཤེས་ལྔའི་བཟུང་ཡུལ་གཏན་ནས་མ་ཡིན་ནའང་། མིག་ཤེས་ཀྱིས་མིག་སོགས་ཀྱི་དབང་རྟེན་མཐོང་བ་ན། བློ་ངོར་མིག་སོགས་མཐོང་བའི་སྣང་བ་སྐྱེ་བས་མིག་སོགས་ཀྱང་མཐོང་བར་འཇོག་པའི་རྒྱུ་མཚན་གྱིས། མིག་སྣ་སོགས་མིག་ཤེས་ལ་སྣང་བ་ཙམ་ཡིན་ཡང་། མིག་ཤེས་ལ་གསལ་བར་སྣང་བ་དང་། མིག་ཤེས་ཀྱིས་བཟུང་བ་མིན་སྟབས།  མིག་ཤེས་ཀྱི་བཟུང་ཡུལ་མིན་ཟེར་རོ། ། །  

眼根等者,仅除意识所取外,定非五根识之所取境,然眼识依眼等根见时,是由心上生起眼等见现,安立为眼等见,由是理由,有说:“眼鼻等虽仅于眼识中显现,然于眼识中非清晰显现,亦非眼识所执取,故说非是眼识所取境。”

དབང་རྟེན་ནི། མིག་གི་ཁྲ་རིལ་དང་། སྣའི་ཟོར་དབྱིབས་ཅན་སོགས་ལ་ཟེར་ལ། དེ་དག་ནི་དབང་པོའི་རྟེན་ཙམ་ལས།  དབང་བོ་དངོས་མིན་ཏེ།  མི་གནས་སའི་ཁང་བ་ལྟ་བུ་ཡིན་པས།  དབང་རྟེན་ཁོག་པ་ཟེར་རོ། །

所依根者,谓云:“眼之瞳孔(圆晶体),鼻之勾状等。”仅除彼等是根所依外,无真实根,如人所居之房(非人),根所依之腔体(非根)。

གཉིས་པ་རྣ་དབང་ནི། རང་འབྲས་རྣ་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དྭངས་པ་དེ། རྣ་དབང་གི་མཚན་ཉིད།

第二、耳根者,作自果耳识不共增上缘之类处内净色,是耳根之定义。

མཚན་གཞི་ནི། དབང་རྟེན་རྣ་བུག་གི་ནང་དུ་དབྱིབས་གྲོ་ག་གཅུས་ནས་བཅད་པ་ལྟ་བུའི་གཟུགས་དྭངས་པའོ། །

事例如:根所依耳孔之内,状如桦树皮扭曲卷之净色。

རྣ་བའི་དབང་བོ་དང་། རྣ་བ་དང་། རྣ་བའི་སྐྱེ་མཆེད། རྣ་བའི་ཁམས་རྣམས་དོན་གཅིགདབྱེ་ན་བརྟེན་བཅས་ཀྱི་རྣ་དབང་དང་། དེ་མཚུངས་ཀྱི་རྣ་དབང་གཉིས་ཡོད།

耳根、耳、耳处、耳界同义。若分有二,谓有依耳根与似依耳根。

གསུམ་པ་སྣ་དབང་ནི། རང་འབྲས་སྣ་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དྭངས་པ་དེ། སྣ་དབང་གི་མཚན་ཉིད།

第三、鼻根者,作自果鼻识不共增上缘之类处内净色是鼻根之定义。

མཚན་གཞི་ནི། དབང་རྟེན་སྣའི་གདོང་རྒྱུད་གཉིས་ན་ཟངས་ཁབ་གཤིབ་པ་ལྟ་བུའི་གཟུགས་དྭངས་པའོ། །

事例如:根所依鼻梁两侧,状如铜针排列之净色。

སྣའི་དབང་བོ་དང་། སྣ་དང་། སྣའི་སྐྱེ་མཆེད། སྣའི་ཁམས་རྣམས་དོན་གཅིགདབྱེ་ན་བརྟེན་བཅས་ཀྱི་སྣ་དབང་དང་།  དེ་མཚུམས་ཀྱི་སྣ་དབང་གཉིས་ཡོད།  

鼻根、鼻、鼻处、鼻界同义。若分有二,谓有依鼻根与似依鼻根。

བཞི་བ་ལྕེ་དབང་ནི། རང་འབྲས་ལྕེ་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དྭངས་པ་དེ། ལྕེ་དབང་གི་མཚན་ཉིད།

第四、舌根者,作自果舌识之不共增上缘之类处内净色,是舌根之定义。

མཚན་གཞི་ནི། ལྕེའི་དབང་རྟེན་གྱི་སྟེང་ཕྱོགས་ཀྱི་ནང་དུ་ཟླ་ཕྱེད་གཉིས་གཤིབ་པ་ལྟ་བུའི་གཟུགས་དྭངས་པའོ། །

事例如:舌之根所依上方内侧,状如两半月形排列之净色。

ལྕེའི་དབང་དང་། ལྕེ་དང་། ལྕེའི་སྐྱེ་མཆེད། ལྕེའི་ཁམས་བཞི་དོན་གཅིགདབྱེ་ན།  བརྟེན་བཅས་ཀྱི་ལྕེ་དབང་དང་།  དེ་མཚུངས་ཀྱི་ལྕེ་དབང་གཉིས་ཡོད།  

舌根、舌、舌处、舌界同义。若分有二,谓有依舌根与似依舌根。

ལྔ་བ་ལུས་དབང་ནི། རང་འབྲས་ལུས་ཤེས་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དྭངས་པ་དེ། ལུས་དབང་གི་མཚན་ཉིད།

第五、身根者,作为自果身识不共增上缘之类处内净色是身根之定义。

མཚན་གཞི་ནི། ལུས་ཀྱི་ཕྱི་ནང་སྟོད་སྨད་ཐམས་ཅད་ཀྱི་ཤ་རུས་པགས་པ་རྒྱུས་པ་སོགས་ལ་རེག་བྱ་མྱོང་བའི་རྡུལ་རྫས་ཤིན་ཏུ་དྭངས་པས་ལུས་ཀྱི་དབྱིབས་བཞིན་དུ་ཁྱབ་པ་དེའོ། །  

事例如:身之内外上下,一切皮、肉、筋、骨等触受之尘质净色,如遍身形。

སྐྲ་སེན་གྱི་རྩེ་དང་ཁྲག་མཆིལ་མ་བཤང་གཅི་སོགས་ལ་མ་ཁྱབ་སྟེ། དེ་དག་ལ་ཕན་གནོད་བྱས་པས་ལུས་ཤེས་ལ་བདེ་སྡུག་གི་འགྱུར་བ་མེད་པའི་ཕྱིར།  

然而发尖、指端、血液、口水、粪溺等中不遍(触受),于彼等随作损利,于身识不生苦乐故。

ལུས་དབང་དང་།  ལུས་དང་།  ལུས་ཀྱི་སྐྱེ་མཆེད།  ལུས་ཀྱི་ཁམས་བཞི་དོན་གཅིག  དབྱེ་ན།  བརྟེན་བཅས་ཀྱི་ལུས་དབང་དང་།  དེ་མཚུངས་ཀྱི་ལུས་དབང་གཉིས་ཡོད་དོ།  །

身根、身、身处、身界同义,若分有二,谓有依身根与似依身根。

ཡིག་བསྒྱུར་བ ། ཐོགས་མེད།  དཀོན་མཆོག་རྒྱ་མཚོ།

རྩོམ་སྒྲིག་པ། དཔལ་ལྡན་རྡོ་རྗེ། 


བརྒྱུད་འགོད།
0