སེམས་བཤད་པ།

སྤེལ་དུས།  2017-12-17   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  རྗེ་དམུ་དགེ་བསམ་གཏན།   ཀློག་གྲངས།  

སེམས་བཤད་པ།

释心

སེམས་སེམས་བྱུང་གཉིས་སུ་དབྱེ་བའི་སེམས་ནི། རང་ཡུལ་དུ་གྱུར་པའི་དོན་གྱི་ངོ་བོ་རང་སྟོབས་ཀྱིས་མཐོང་བའི་ཆ་ནས་བཞག་པའི་རིག་པ་དེ་སེམས་ཀྱི་མཚན་ཉིད།

初、分析心与心所中之心者。由自力能见自境义之体性部分安立之明,彼是心之定义。

མཚན་གཞི་ནི། མིག་གི་རྣམ་ཤེས་དང་། ཡིད་ཀྱི་རྣམ་ཤེས་ལྟ་བུ།  སེམས་དང་།  ཡིད་དང་།  རྣམ་པར་ཤེས་པ་དང་།  གཙོ་སེམས་བཞི་དོན་གཅིག 

事例如:眼识、意识等。心、意、识、心王四者同义。

དབྱེ་ན་དྲུག་ཡོད་དེ། མིག་གི་རྣམ་པ་ཤེས་པ། རྣ་བའི་རྣམ་པར་ཤེས་པ། སྣའི་རྣམ་པར་ཤེས་པ། ལྕེའི་རྣམ་པར་ཤེས་པ། ལུས་ཀྱི་རྣམ་པར་ཤེས་པ། ཡིད་ཀྱི་རྣམ་པར་ཤེས་པ་དང་དྲུག

若分有六:眼识、耳识、鼻识、舌识、身识、意识。

དེའི་དང་བོ་ལྔ་ནི་དབང་ཤེས་ཡིན་ལ། དབང་ཤེས་དང་། འཇུག་ཤེས་དང་། སྒོ་ལྔའི་ཤེས་པ་གང་རུང་རྣམས་དོན་གཅིག

彼前五是根识,所谓根识、转识、五门识皆是同义。

སྒྲ་དོན་ནི།  མིག་ཤེས་སོགས་ནི།  དབང་བོ་གཟུགས་ཅན་པ་ལ་བརྟེན་པའི་ཤེས་པ་ཡིན་པས་དབང་ཤེས་དང་།  རང་རང་གི་ཡུལ་ལ་ཐད་ཀར་ཕྱིར་འཇུག་པ་ལས་བློ་ཁ་ནང་དུ་ཕྱོགས་ནས་ཡུལ་ལ་དམིགས་མི་ཤེས་པས་ན་འཇུག་ཤེས་དང་། དབང་བོ་གཟུགས་ཅན་པའི་སྒོ་ལ་བརྟེན་ནས་ཡུལ་ལ་འཇུག་པས་སྒོ་ལྔའི་ཤེས་པ་ཞེས་བརྗོད་པའི་ཕྱིར།  

释名义:眼识等是依有色根之识,因此称为根识。各自(识)直接转入自之外境,不知缘内心方面之境,因此称为转识。依有色根门而趋入境,因此称为五门识。

རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མིག་དབང་ལ་བརྟེན་ནས་བྱུང་བའི་རང་ཡུལ་དུ་གྱུར་པའི་གཟུགས་ཀྱི་སྐྱེ་མཆེད་ཀྱི་ངོ་བོ་རང་སྟོབས་ཀྱིས་མཐོང་བའི་རིག་པ་དེ།  མིག་གི་རྣམ་པར་ཤེས་པའི་མཚན་ཉིད།  མཚན་གཞི་ནི།  དཀར་བོ་མཐོང་བའི་རྣམ་པར་ཤེས་པ་ལྟ་བུ།  མིག་གི་རྣམ་པར་ཤེས་པ་དང་།  མིག་ཤེས་སུ་གྱུར་པའི་སེམས་དོན་གཅིག 

依自之不共增上缘之眼根,以自力生起,能见自境色处体性之明,是眼识之定义。事例如:见白色之识。眼识与成为眼识之心同义。

རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་རྣ་དབང་ལ་བརྟེན་ནས་བྱུང་བའི་རང་ཡུལ་དུ་གྱུར་པའི་སྒྲའི་ངོ་བོ་རང་སྟོབས་ཀྱིས་ཐོས་པའི་རིག་པ་དེ། རྣ་བའི་རྣམ་པར་ཤེས་པའི་མཚན་ཉིད། མཚན་གཞི་ནི། པི་ཝང་གི་སྒྲ་ཐོས་པའི་རྣམ་པ་ཤེས་པ་ལྟ་བུ།  རྣ་བའི་རྣམ་པར་ཤེས་པ་དང་།  རྣ་ཤེས་སུ་གྱུར་པའི་སེམས་དོན་གཅིག

依自之不共增上缘之耳根,以自力生起,能闻自境声体性之明,是耳识之定义。事例如:闻琵琶声之识。耳识与成为耳识之心同义。

རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་སྣ་དབང་ལ་བརྟེན་ནས་བྱུང་བའི་རང་ཡུལ་དུ་གྱུར་པའི་དྲིའི་ངོ་བོ་རང་སྟོབས་ཀྱིས་མྱོང་བའི་རིག་པ་དེ། སྣའི་རྣམ་པར་ཤེས་པའི་མཚན་ཉིད། མཚན་གཞི་ནི། ཙན་དན་གྱི་དྲི་ཚོར་བའི་རྣམ་པར་ཤེས་པ་ལྟ་བུ། སྣའི་རྣམ་པར་ཤེས་པ་དང་། སྣ་ཤེས་སུ་གྱུར་པའི་སེམས་དོན་གཅིག

依自之不共增上缘之鼻根,以自力生起,能领受自境香体性之明,是鼻识之定义。事例如:领受栴檀香之识。鼻识与成为鼻识之心同义。

རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ལྕེ་དབང་ལ་བརྟེན་ནས་བྱུང་བའི་རང་གི་ཡུལ་དུ་གྱུར་པའི་རོའི་ངོ་བོ་རང་སྟོབས་ཀྱིས་མྱོང་བའི་རིག་པ་དེ། ལྕེའི་རྣམ་པར་ཤེས་པའི་མཚན་ཉིད། མཚན་གཞི་ནི། བུ་རམ་གྱི་རོ་མྱོང་བའི་རྣམ་པར་ཤེས་པ་ལྟ་བུ། ལྕེའི་རྣམ་པར་ཤེས་པ་དང་། ལྕེ་ཤེས་སུ་གྱུར་པའི་སེམས་དོན་གཅིག

依自之不共增上缘之舌根,以自力生起,能领受自境味体性之明,是舌识之定义。事例如:领受甘蔗味之识。舌识与成为舌识之心同义。

རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ལུས་དབང་ལ་བརྟེན་ནས་བྱུང་བའི་རང་གི་ཡུལ་དུ་གྱུར་པའི་རེག་བྱའི་ངོ་བོ་རང་སྟོབས་ཀྱིས་མྱོང་བའི་རིག་པ་དེ། ལུས་ཀྱི་རྣམ་པར་ཤེས་པའི་མཚན་ཉིད། མཚན་གཞི་ནི། འཇམ་པའི་རེག་བྱ་མྱོང་བའི་རྣམ་པར་ཤེས་པ་ལྟ་བུ། ལུས་ཀྱི་རྣམ་པར་ཤེས་པ་དང་། ལུས་ཤེས་སུ་གྱུར་པའི་སེམས་དོན་གཅིག

依自之不共增上缘之身根,以自力生起,能领受自境触体性之明,是身识之定义。事例如:领受滑触之识。身识与成为身识之心同义。

རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིད་དབང་ལ་བརྟེན་ནས་བྱུང་བའི་རང་ཡུལ་དུ་གྱུར་པའི་དོན་གྱི་ངོ་བོ་རང་སྟོབས་ཀྱིས་འཛིན་པའི་རིག་པ་དེ། ཡིད་ཀྱི་རྣམ་པར་ཤེས་པའི་མཚན་ཉིད། མཚན་གཞི་ནི། སྒྲ་མི་རྟག་པར་མཐོང་བའི་རྣམ་པར་ཤེས་པ་ལྟ་བུ། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཤེས་སུ་གྱུར་པའི་སེམས་དོན་གཅིག

依自之不共增上缘之意根,以自力生起,能执持自境义体性之明,是意识之定义。事例如:见(通达)声无常之识。意识与成为意识之心同义。

དེས་ན་དབང་ཤེས་སུ་གྱུར་པའི་སེམས་རྣམས་ནི། རང་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ལ་བརྟེན་ནས་རང་ཡུལ་དུ་གྱུར་པའི་ཆོས་གང་དང་གང་ཡིན་པ་དེ་རང་དང་མཚུངས་ལྡན་གྱི་ཤེས་པ་གཞན་ལ་མ་ལྟོས་པར་རང་སྟོབས་ཀྱིས་མཐོང་བས་ན་སེམས་སམ་གཙོ་སེམས་དང་རྣམ་པར་ཤེས་པའམ་ཡིད་ཡིན་ཞེས་བྱ་བ་ཡིན་ནོ།  །

因此,成为根识之诸心,是依各自不共增上缘,成为自境之任何法,以各自相应之识,不观待余,依自力而见,因此称此是心、心王、识、或是意。

ཡིད་དང་སེམས་དོན་གཅིག་ཀྱང་།  ཡིད་ཤེས་དང་སེམས་དོན་མི་གཅིག་སྟེ།  ཡིད་ཤེས་ལ་སེམས་བྱུང་ཡོད་དོ།

意与心虽同义,然意识与心非同义,谓意识中有心所故。

ཡིད་དབང་ནི། ཡིད་ཀྱི་རྣམ་ཤེས་རང་རང་གི་སྔ་ལོགས་དེ་མ་ཐག་ཏུ་འགག་པའི་རྣམ་ཤེས་ཚོགས་དྲུག་གང་རུང་ལ་བྱ་སྟེ། དཔེར་ན། བུམ་འཛིན་ཡིད་ཀྱི་རྣམ་ཤེས་ཤིག་སྐྱེས་པ་ན། དེའི་སྔ་ལོགས་དེ་མ་ཐག་ཏུ་འགག་པའི་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱི་རྣམ་ཤེས་དྲུག་གའམ་གང་ཡང་རུང་། དེ་བུམ་འཛིན་ཡིད་ཤེས་དེའི་བདག་རྐྱེན་དབང་བོ་ཡིན་ཏེ། དེ་དག་ནི་བུམ་འཛིན་ཡིད་ཤེས་དེ་ཡུལ་འཛིན་ནུས་སུ་སྐྱེད་པའི་དབང་བོ་ཡིན་པའི་ཕྱིར་རོ། ། 

意根者,是意识前各各无间灭之六聚识之一,喻如,若生起执瓶意识时,则有彼意识前之无间灭,是眼识乃至意识等六识,或者其一,彼作执瓶意识之增上缘是根,彼等执瓶意识,是能生起执持彼境之根故。

ཡང་། རང་ཡུལ་སོ་སོར་མཐོང་བའི་ཆ་ནས་བཞག་པའི་རྣམ་རིག་དེ་རྣམ་པར་ཤེས་པའི་མཚན་ཉིད། རང་གི་འཁོར་དུ་གྱུར་པའི་སེམས་བྱུང་ཡོད་པའི་རྣམ་རིག་དེ། གཙོ་སེམས་ཀྱི་མཚན་ཉིད། རང་ཡུལ་ཤེས་པའི་ཆ་ནས་བཞག་པའི་རྣམ་རིག་དེ། ཡིད་ཀྱི་མཚན་ཉིད།

又,安立由通达各自对境之部分明分为识之定义。自有随属心所之明分为心王定义。安立了知自境之部分明分为意之定义。

དེ་རྣམས་དོན་གཅིག་ཡིན་ཡང་། རང་ཡུལ་སོ་སོར་མཐོང་བའི་ཆ་ནས་རྣམ་པར་ཤེས་པ་དང་། རང་གི་འཁོར་དུ་གྱུར་པའི་སེམས་བྱུང་ཡོད་པའི་ཆ་ནས་གཙོ་སེམས་དང་།

རང་གི་ཡུལ་དེ་ཤེས་པའི་ཆ་ནས་ཡིད་ཅེས་སོ་སོར་བརྗོད་པའོ།  །

彼等虽是同义,然可别别诠说,谓从见各别自境方面谓识,自有随属心所方面谓心王,了知自境方面谓意。


ཡིག་བསྒྱུར་བ ། ཐོགས་མེད།  དཀོན་མཆོག་རྒྱ་མཚོ།

རྩོམ་སྒྲིག་པ། དཔལ་ལྡན་རྡོ་རྗེ། 


བརྒྱུད་འགོད།
0