མཚོ་སྔོན་ཚད་རིག་ལྷན་ཚོགས་ཀྱི་བགྲོ་གླེང་སྐབས་དགུ་བ།

སྤེལ་དུས།  2025-10-21   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  ཚད་རིག་ལྷན་ཚོགས།   ཀློག་གྲངས།  

༄༅། །མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚད་མ་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དགུ་བ།

2025ལོའི་ཟླ་10ཚེས་18ཉིན། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱིས་ཚད་མ་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དགུ་བ་ཟི་ལིང་ཙོང་ཁ་དགོན་དུ་གཟབ་རྒྱས་ངང་འཚོགས།  ཐེངས་འདིའི་ཚོགས་འདུ་ལ་མཚོ་སྔོན་མི་རིགས་སློབ་ཆེན་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོ། སྐུ་འབུམ་དགོན་པ། རེབ་གོང་རོང་བོ་དགོན་ཆེན། དྷཱི་ཚ་བཀྲ་ཤིས་ཆོས་སྡིངས། པུས་མདོ་དགོན་ཆེན། མགར་རྩེ་དགོན་པ། པཎ་ཆེན་ཚད་མའི་སློབ་གླིང་སོགས་ཀྱི་དགེ་རྒན་ཆེན་མོ་དང་། དགེ་བཤེས། གཞི་རིམ་གྱི་མི་རིགས་སློབ་འབྲིང་ཁག་གི་དགེ་རྒན་དང་སློབ་གྲྭ་ཆེན་མོའི་སློབ་མ་སོགས་བསྡོམས་པའི་མི་དྲུག་ཅུ་ལྷག་ཐེངས་འདིའི་ཚོགས་འདུར་ཞུགས་ཡོད། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། དགེ་རྒན་ཆེན་མོ་ཟླ་བས་ཚོགས་འདུར་འགོ་འཛིན་གནང་། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་པོས་ཚོགས་འདུར་ཤིས་ཚིག་ཕུལ་བ་དང་། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ། དགེ་རྒན་ཆེན་མོ་ཤ་བོ་ཐར་གྱིས་༢༠༢༥ལོའི་བྱ་བའི་སྙན་ཞུ་ཕུལ། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། དགེ་རྒན་ཆེན་མོ་ཕག་མོ་ཚེ་བརྟན་གྱིས་དཔྱད་རྩོམ་བྱ་དགའི་རིམ་པ་ངོ་སྤྲོད་གནང་བ་རེད།   མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། དགེ་རྒན་ཆེན་མོ་ཟླ་བས་ཚོགས་འདུར་འགོ་འཛིན་གནང་བཞིན་པ།

  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་པོས་ཚོགས་འདུར་ཤིས་ཚིག་ཕུལ་བཞིན་པ།

图片36.png  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ། དགེ་རྒན་ཆེན་མོ་ཤ་བོ་ཐར་གྱིས་ཚད་རིག་ལྷན་ཚོགས་ཀྱི་བྱ་བའི་སྙན་ཞུ་ཕུལ་བཞིན་པ།    

图片37.png  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། དགེ་རྒན་ཆེན་མོ་ཕག་མོ་ཚེ་བརྟན་གྱིས་དཔྱད་རྩོམ་བྱ་དགའི་རིམ་པ་ངོ་སྤྲོད་གནང་བཞིན་པ།

图片38.pngབགྲོ་གླེང་ཚོགས་འདུར་ཕེབས་པའི་འབྲེལ་ཡོད་འགོ་ཁྲིད་རྣམ་པ།

图片39.png  མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། མིང་དུ་གྲགས་པའི་ཚད་མ་རིག་པའི་མཁས་དབང་བློ་བཟང་ཆོས་གྲགས།

图片40.png  མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་བློ་འདོན་པ། བོད་རིག་པའི་སློབ་དཔོན་ཆེན་མོ་ཤེར་འཚོ།

ཉེ་བའི་ལོ་གཅིག་རིང་། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱིས་སྔ་གཞུག་ཏུ་མཚོ་སྔོན་མི་རིགས་སློབ་ཆེན་དང་མཉམ་འབྲེལ་སྒོས་རྒྱལ་ཡོངས་ཚད་མ་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་བཅུ་དགུ་པ་གཟབ་རྒྱས་ངང་འཚོགས་པ་དང་། ཀྲུང་ཧྲན་སློབ་གྲྭ་ཆེན་མོ་དང་མཚོ་སྔོན་མི་རིགས་སློབ་ཆེན་བཅས་དང་མཉམ་འབྲེལ་སྒོས་རིག་གནས་དང་ཚད་མ་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་ཏེ། ཚད་མ་རིག་པའི་རིག་གཞུང་བགྲོ་གླེང་དང་རྒྱུན་འཛིན་གོང་སྤེལ་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་ཡོད་པས། འབྲེལ་ཡོད་འགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་ཁག་གིས་གདེངས་འཇོག་གང་ལེགས་གནང་ཡོད།

ཁྱད་པར་དུ་རིག་གཞུང་ཞིབ་འཇུག་གི་ཐད་ནས། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱིས་དགེ་རྒན་ཆེན་མོ་བློ་བཟང་ཆོས་གྲགས་དང་དགེ་རྒན་ཤ་བོ་ཐར་རྣམ་གཉིས་གཙོས་པའི་ཚོགས་གཙོ་རྣམ་པས་བོད་བརྒྱུད་ཚད་མ་རིག་པ་དང་བོད་ཀྱི་ཚད་མ་རིག་པ་གཉིས་ཀྱི་ཁྱད་པར་ཕྱེས་ནས། བོད་བརྒྱུད་ཚད་མ་རིག་པ་ནི་གཏན་ཚིགས་རིག་པ་དང་བོད་ཀྱི་ཚད་མ་རིག་པ་ནི་མཚན་ཉིད་རིག་པའམ་ལྟ་གྲུབ་རིག་པ་ཡིན་ལ། དེ་ལ་རྒྱལ་སྤྱིའི་མཚན་ཉིད་རིག་པའི་གཞུང་ལུགས་ཀྱི་གྲུབ་ཚུལ་སྒྲོམ་གཞི་ཚང་བ་མ་ཟད། དེར་ཤེས་བྱ་ཡུལ་གྱི་རྣམ་གཞག་དང་ཤེས་བྱེད་བློའི་རྣམ་གཞག ཤེས་པ་ཡུལ་ལ་ཇི་ལྟར་འཇུག་ཚུལ་གྱི་གཏན་ཚིགས་རྣམ་གཞག་བཅས་གསུམ་དུ་བསྡུས་ནས་འཆད་པ་དང་། དཔེར་ན་ཚད་མ་རིགས་གཏེར་དང་སྡེ་བདུན་དོན་གཉེར་ཡིད་ཀྱི་མུན་སེལ། སྡེ་བདུན་རྒྱན། རིགས་གཏེར་དར་ཊཱིཀ བསྡུས་གྲྭ་དང་བློ་རིག རྟགས་རིགས་རྣམས་ནི་བོད་ཀྱི་ཚད་མ་རིག་པའི་གཞུང་ལུགས་ཡིན།

ད་ལོའི་སྤྱི་ཟླ༦ཚེས༡༨ཉིན་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཙོང་ཁ་དགོན་པར་གཟིགས་ཞིབ་ཏུ་ཕེབས་ནས་ལོ་ངོ་གཅིག་འཁོར་བར་ཙོང་ཁ་དགོན་པས་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནང་བསྟན་མཐུན་ཚོགས་བཅས་དང་མཉམ་འབྲེལ་སྒོས་ཙོང་ཁ་དགོན་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་བགྲོ་གླེང་ཚོགས་འདུ་འཚོགས་ཤིང་། ཚོགས་ཞུགས་འགོ་ཁྲིད་དང་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ། ཆེད་མཁས་པ་རྣམ་པ་བཅས་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་གཞུང་སྒྲུབ་ཁང་དུ་ཕེབས་ནས་ཚད་རིག་ལྷན་ཚོགས་ཀྱི་ཉེ་བའི་ལོ་འགའི་རིང་གི་བྱ་བར་ཡུལ་དངོས་རྟོག་ཞིབ་གནང་བ་བརྒྱུད། ཀུན་གྱིས་ཚད་ཆེན་པོས་གདེངས་འཇོག་གནང་ཡོད།  

ད་ལོར་ཀྲུང་དབྱང་ཆབ་སྲིད་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་དང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཝིན་ཆིན། མི་དམངས་ཉིན་རེའི་ཚགས་པར་ཁང་གི་མགོ་གཙོ་དབྱི་ཧྲའོ་ལིང་སོགས་ཙོང་ཁ་དགོན་པར་གཟིགས་ཞིབ་ཏུ་ཕེབས་སྐབས་ཕུལ་བའི་སྙན་ཞུའི་ནང་། ཆེད་དུ་ཙོང་ཁ་དགོན་པར་བཙུགས་ཡོད་པའི་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཆེད་མཁས་པ་དྲུག་ཅུ་ལྷག་གིས་ཚད་མ་རིག་པའི་རིགས་ལམ་ལ་བརྟེན་ནས། མར་ཁེ་སི་རིགས་པའི་གཞུང་ལུགས་དང་ནང་བསྟན་རིག་པའི་གཞུང་ལུགས་གཉིས་བར་དོན་ཚན་ཆེན་པོ་བརྒྱད་ཀྱི་ཐད་ནས་གཤིབ་བསྡུར་དང་ཟུང་འབྲེལ། ཞིབ་འཇུག་བྱས་པའི་སྐོར་གྱི་གནས་ཚུལ་ཡར་ཞུ་འདི་ལྟར་ཞུས་ཡོད་པ་སྟེ།

དང་པོ། ནང་བསྟན་གྱི་འཇིག་རྟེན་བྱེད་པོ་ཁས་མི་ལེན་པའི་ལྷ་མེད་སྨྲ་བའི་ལྟ་བ་དང་མར་ཁེ་སིའི་ལྷ་མེད་སྨྲ་བའི་ལྟ་བ་གཉིས་གཅིག་མཚུངས་ཡིན་པ།

གཉིས་པ། ནང་བསྟན་གྱི་ཕྱི་དོན་དང་ཡུལ་ཡུལ་ཅན་རྒྱུ་འབྲས་སུ་འདོད་པའི་ལྟ་བ་དང་མར་ཁེ་སིའི་དངོས་གཙོ་སྨྲ་བའི་ལྟ་བ་གཉིས་གཅིག་མཚུངས་ཡིན་པ།

གསུམ་པ། ཚད་མའི་དགག་སྒྲུབ་རིགས་པ་དང་མར་ཁེ་སིའི་རྩོད་སྒྲུབ་རིག་པ་གཉིས་གཅིག་མཚུངས་ཡིན་པ།

བཞི་པ། ནང་བསྟན་གྱི་འདུས་བྱས་ཐམས་ཅད་མི་རྟག་པར་བསྒྲུབ་པའི་ལྟ་བ་དང་མར་ཁེ་སིའི་དངོས་པོ་ཐམས་ཅད་འགྱུར་བའི་རང་བཞིན་ཅན་གྱི་ལྟ་བ་གཉིས་གཅིག་མཚུངས་ཡིན་པ།

ལྔ་བ། ནང་བསྟན་གྱི་རྒྱུ་འབྲས་རྟེན་འབྱུང་གི་ལྟ་བ་དང་གུང་ཁྲན་ཏང་གི་གྲོའི་ས་བོན་ལས་གྲོ་སྐྱེས་པ་དང་ནས་ས་བོན་ལས་ནས་སྐྱེས་པའི་ཚན་རིག་གི་ལྟ་བ་གཉིས་གཅིག་མཚུངས་ཡིན་པ།

དྲུག་པ། ནང་བསྟན་གྱི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་གཞན་ཕན་གྱི་ལྟ་བ་དང་གུང་ཁྲན་ཏང་གི་བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་སྒྲུབ་པའི་ལྟ་བ་གཉིས་གཅིག་མཚུངས་ཡིན་པ།

བདུན་པ། ནང་བསྟན་གྱི་འགྲོ་བ་སེམས་ཅན་ཐམས་ཅད་འདྲ་མཉམ་གྱི་ལྟ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་མི་དམངས་འདྲ་མཉམ་གྱི་ལྟ་བ་གཉིས་གཅིག་མཚུངས་ཡིན་པ།

བརྒྱད་པ། ནང་བསྟན་གྱི་རྒྱལ་ཁམས་བདེ་ཞིང་སྐྱེ་འགྲོ་བདེ་སྐྱིད་ཀྱི་བསམ་བློ་དང་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་གཅེས་དམངས་ཕན་གྱི་བསམ་བློ་གཉིས་གཅིག་མཚུངས་ཡིན་པ།

ཚོགས་ཞུགས་མི་སྣ་ཡོངས་ཀྱིས་དེང་གི་དུས་རབས་གསར་བའི་ནང་། ང་ཚོ་ཚད་རིག་ལྷན་ཚོགས་ཀྱིས་ཚད་རིག་དུས་དེབ་འགྲེམ་སྤེལ་དང་ཚད་རིག་དྲ་ཐོག་བརྒྱུད་སྤེལ་ལ་སོགས་པར་བརྟེན་ནས། ད་ལྟའི་དངོས་ཡོད་ཀྱི་སྤྱི་ཚོགས་དང་མ་འོངས་པའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཁ་ཕྱོགས་ཏེ། དེང་རབས་ཀྱི་རིག་ཚན་གསར་བའི་བརྗོད་བྱ་ལ་ཚད་མ་རིག་པའི་རིགས་ལམ་གྱི་འགྲོས་དང་སྦྱར་ནས་ཇི་ལྟར་རྒྱུན་འཛིན་བྱེད་དགོས་པའི་དུས་རིམ་གལ་ཆེན་ཞིག་ཏུ་སླེབས་ཡོད་པས། ཚད་མ་རིག་པའི་གཞུང་ལུགས་འདི་ཉིད་དུས་རབས་ཀྱི་འགྲོས་དང་མཐུན་པའི་སྒོ་ནས་དེང་གི་སྤྱི་ཚོགས་ལ་ཕན་ནུས་ལྡན་པའི་རིག་པའི་གཞུང་ལུགས་ཤིག་ཏུ་འགྱུར་རྒྱུ་ནི་ཆེས་གལ་ཆེ་བའི་གནད་དོན་ཞིག་ཏུ་གྱུར་ཡོད་པས། འདིར་བཞུགས་རྣམ་པ་ལྷན་རྒྱས་ཀྱི་ཕྲག་སྟེང་དུ་བབས་པའི་ལྡོག་ཏུ་མེད་པའི་ལས་འགན་ཞིག་ཡིན་པར་འདོད།

图片41.png  མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཟླ་བས་《བོད་ཀྱི་ཚད་མ་རིག་པའི་ཚུལ་གསུམ་མི་ཚང་བའི་སྒྲུག་ངག་འདོད་མི་འདོད་ཀྱི་སྐོར་ལས་འཕྲོས་པའི་དཔྱད་པ་དང་བརྒལ་བརྟག》ཅེས་པའི་བརྗོད་གཞིར་དམིགས་ནས་བགྲོ་གླེང་གནང་བཞིན་པ།

图片42.png  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་པོས་《ཕྱོགས་ཆོས་འཁོར་ལོའི་མཚན་དོན་དང་དབྱེ་བསྡུའི་གྲངས་ངེས་སོགས་ལ་དཔྱད་པ།》ཞེས་པའི་བརྗོད་གཞིར་དམིགས་ནས་བགྲོ་གླེང་གནང་བཞིན་པ།

图片43.pngའགར་རྩེ་དགོན་པའི་དགེ་བའི་བཤེས་གཉེན་ཆེན་མོ་ཚུལ་ཁྲིམས་ཀྱིས་《རྟགས་ལྟར་སྣང་ལས་མ་གྲུབ་པའི་སྐོར་ཅུང་ཟད་གླེང་བ།》ཞེས་པའི་བརྗོད་གཞིར་དམིགས་ནས་བགྲོ་གླེང་གནང་བཞིན་པ།

图片44.png  པཎ་ཆེན་ཚད་མའི་སློབ་གླིང་གི་དགེ་བཤེས་དཀོན་མཆོག་རྒྱ་མཚོས་《གཏན་ཚིགས་ལྟར་སྣང་ལས་འགལ་རྟགས་ཀྱི་སྐོར་ལ་ཅུང་ཙམ་དཔྱད་པ།》ཞེས་པའི་བརྗོད་གཞིར་དམིགས་ནས་བགྲོ་གླེང་གནང་བཞིན།

图片45.png     པཎ་ཆེན་ཚད་མའི་སློབ་གླིང་གི་དགེ་བཤེས་ཤེས་རབ་བརྩོན་འགྲུས་ཀྱིས་《དོན་ལ་ལྟོས་ཏེ་མ་གྲུབ་པ་ལ་ཅུང་ཟད་དཔྱད་པ།》ཞེས་པའི་བརྗོད་གཞིར་དམིགས་ནས་བགྲོ་གླེང་གནང་བཞིན་པ།图片46.png  པཎ་ཆེན་ཚད་མའི་སློབ་གླིང་གི་དགེ་བཤེས་བློ་བཟང་རྣམ་རྒྱལ་གྱིས་《རྒྱ་བོད་མཁས་པ་དག་གིས་འདོད་པའི་ཚད་མིན་ལྔའི་སྐོར་ལ་དཔྱད་པ་གང་གཱའི་ཆུ་རྒྱུན།》ཞེས་པའི་བརྗོད་གཞིར་དམིགས་ནས་བགྲོ་གླེང་གནང་བཞིན་པ།

图片47.pngཚོགས་ཞུགས་དགེ་རྒན་རྣམས་ཀྱིས་བགྲོ་གླེང་གཏམ་བཤད་ལ་ཉན་བཞིན་པ།

图片48.pngཚོགས་ཞུགས་པ་རྣམས་ཀྱིས་བགྲོ་གླེང་གཏམ་བཤད་ལ་ཉན་བཞིན་པ།

图片49.pngཚོགས་ཞུགས་པ་རྣམས་ཀྱིས་བགྲོ་གླེང་གཏམ་བཤད་ལ་ཉན་བཞིན་པ།

图片50.pngཚོགས་ཞུགས་པ་རྣམས་ཀྱིས་བགྲོ་གླེང་ལ་ཉན་བཞིན་པའི་ཟུར་ཞིག

图片51.png

ཚོགས་ཞུགས་པ་རྣམས་ཀྱིས་བགྲོ་གླེང་ལ་ཉན་བཞིན་པའི་ཟུར་ཞིག

图片52.png

ཚོགས་ཞུགས་པ་རྣམས་ཀྱིས་བགྲོ་གླེང་ལ་ཉན་བཞིན་པའི་ཟུར་ཞིག

图片53.png

ཚན་ཆུང་དང་པོའི་ཚོགས་ཞུགས་པ་རྣམས་ཀྱིས་སོ་སོའི་དཔྱད་རྩོམ་གྱི་བརྗོད་དོན་སྐོར་ནས་གཏམ་བཤད་བགྲོ་གླེང་གནང་བཞིན་པ།

图片54.png

ཚན་ཆུང་དང་པོའི་ཚོགས་ཞུགས་པ་རྣམས་ཀྱིས་སོ་སོའི་དཔྱད་རྩོམ་གྱི་བརྗོད་དོན་སྐོར་ནས་གཏམ་བཤད་བགྲོ་གླེང་གནང་བཞིན་པ། 

图片55.png

ཚན་ཆུང་དང་པོའི་ཚོགས་ཞུགས་པ་རྣམས་ཀྱིས་སོ་སོའི་དཔྱད་རྩོམ་གྱི་བརྗོད་དོན་སྐོར་ནས་གཏམ་བཤད་བགྲོ་གླེང་གནང་བཞིན་པ།

图片56.png

ཚན་ཆུང་གཉིས་པའི་ཚོགས་ཞུགས་པ་རྣམས་ཀྱིས་སོ་སོའི་དཔྱད་རྩོམ་གྱི་བརྗོད་དོན་སྐོར་ནས་གཏམ་བཤད་བགྲོ་གླེང་གནང་བཞིན་པ། 

图片57.png

ཚན་ཆུང་གཉིས་པའི་ཚོགས་ཞུགས་པ་རྣམས་ཀྱིས་སོ་སོའི་དཔྱད་རྩོམ་གྱི་བརྗོད་དོན་སྐོར་ནས་གཏམ་བཤད་བགྲོ་གླེང་གནང་བཞིན་པ།

图片58.png

ཚན་ཆུང་གཉིས་པའི་ཚོགས་ཞུགས་པ་རྣམས་ཀྱིས་སོ་སོའི་དཔྱད་རྩོམ་གྱི་བརྗོད་དོན་སྐོར་ནས་གཏམ་བཤད་བགྲོ་གླེང་གནང་བཞིན་པ།

图片59.png  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། དགེ་རྒན་ཆེན་མོ་ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱིས་ཚན་ཆུང་དང་པོའི་བགྲོ་གླེང་གི་གནས་ཚུལ་སྤྱི་སྡོམ་གནང་བཞིན་པ། 

图片60.png   མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། དགེ་རྒན་ཆེན་མོ་དགེ་འདུན་གྱིས་ཚན་ཆུང་གཉིས་པའི་བགྲོ་གླེང་གི་གནས་ཚུལ་སྤྱི་སྡོམ་གནང་བཞིན་པ།

图片61.png

ཐེངས་འདི་ཕུལ་བྱུང་དཔྱད་རྩོམ་ལ་བྱ་དགའ་གནང་བཞིན་པ།

图片62.png

    ཐེངས་འདི་ཕུལ་བྱུང་དཔྱད་རྩོམ་ལ་བྱ་དགའ་གནང་བཞིན་པ། 

图片63.pngཐེངས་འདི་ཕུལ་བྱུང་དཔྱད་རྩོམ་ལ་བྱ་དགའ་གནང་བཞིན་པ།

图片64.png ཐེངས་འདི་ཕུལ་བྱུང་དཔྱད་རྩོམ་ལ་བྱ་དགའ་གནང་བཞིན་པ། 

图片65.png      ཕུལ་བྱུང་དཔྱད་རྩོམ་བྱ་དགའ་ཐོབ་མཁན་དང་མཉམ་པར་བསྐྱོན་པ།

图片66.png   ཕུལ་བྱུང་དཔྱད་རྩོམ་བྱ་དགའ་ཐོབ་མཁན་དང་མཉམ་པར་བསྐྱོན་པ།

图片67.png       ཐེངས་འདི་ཚོགས་ཞུགས་པ་ཡོངས་ཀྱི་མཉམ་པར།

བརྒྱུད་འགོད།
0